ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་གླིང་ཁུལ་ཉིད་གྲོང་ཁྱེར་འཛུགས་སྐྲུན་དང་ཐོན་ལས་གཅིག་བསྡུ་གཉིས་ལ་གཅིག་གིས་གཅིག་ལ་སྐུལ་བའི་སྦྲེལ་མཐུད་བྱེད་ས་དང“བཟོ་ལས་སྟོབས་ཆེར་དང་གྲོང་ཁྱེར་དར་རྒྱས”གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཞིག་ལ་བརྩིས་པའི་ཁར“ཚད་གཞི་མཐོ་པོ་དང་འགོ་འཛུགས་ས་མཐོ་པོ”ཡི་ཐོག་ནས་འཛུགས་སྐྲུན་བྱེད་དགོས་པ་དང་འཕེལ་རྒྱས་གཏོང་དགོས་པའི་སྤྱིའི་བླང་བྱ་གཞིར་བཟུང་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་རྒྱུ་དང་། འཆར་གཞི་བཟོ་འགོད་བྱ་རྒྱུ། མ་དངུལ་མཉམ་འདུ་དང་སྐྱེད་གཡར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ། ས་ཆ་བསྡུ་སྤྱོད་དང་བཤིག་སྤོ་བྱ་རྒྱུ། ཚོང་འགུགས་མ་འདྲེན་བྱ་རྒྱུ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། འདི་ནི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་བྱུང་བའི་ཆབ་མདོ་དབྱིན་ཏ་ཨར་ལས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་བཟོ་པས་ཨར་ལས་རྒྱུ་ཆ་བཟོ་བའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།