མངའ་རིས་སྒེར་རྩེ་རྫོང་ཤན་ཆན་ཤང་གི་གྲོང་མིས་ཞིང་པའི་དཔེ་ཁང་ནང་དཔེ་དེབ་ལྟ་ཀློག་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཞིང་པའི་དཔེ་ཁང་དང་དགོན་སྡེའི་དཔེ་ཁང་གི་འདུ་འགོད་འཛུགས་སྐྲུན་དེ་རིག་གནས་དམངས་ཕན་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས། ༢༠༡༢ ལོར་ཞིང་པའི་དཔེ་ཁང་ ༥༤༥༡ སྐྲུན་པའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། ལོ་དེའི་ཟླ ༤ པར་ལྗོངས་ཡོངས་ཀྱི་དགོན་སྡེའི་དཔེ་ཁང་ ༡༧༠༠ ལྷག་ཙམ་སྐྲུན་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་དགོན་སྡེར་ཁྱབ་པའི་གསར་འགྱུར་དཔེ་སྐྲུན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་སྐྲུན་ཟིན་ནས་ཞིང་འབྲོག་པ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱི་དགའ་བསུ་ཐོབ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།