ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དུས་མཚུངས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་ལས་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། ལས་ཁུངས་ཀྱི་ལས་བྱེད་པ་དང་། མང་ཚོགས། སློབ་མ་བཅས་དུས་བཀག་ལྟར་སྒྲིག་འཛུགས་བྱས་ཏེ། ཁྲོམ་གཞུང་དུ་གཙང་སྦྲ་བྱས་ནས་ཁྱིམ་གཞིས་མཛེས་བཟོ་བྱས་ཡོད། དུས་མཚུངས“ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ཉིན་གཅིག་གི་ལས་ཀ་ཉམས་སུ་མྱོང”ཞེས་པའི་བྱེད་སྒོ་སྤེལ་ཏེ་ལས་བྱེད་ལས་བཟོ་ཚོར་གཙང་སྦྲ་བྱེད་མཁན་ཚོའི་དཀའ་ངལ་ཚོར་བ་བྱས་ཁར། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཆབ་མདོའི་གཙང་ཞིང་གྲལ་སྒྲིག་པའི་གྲོང་ཁྱེར་གྱི་རྣམ་པ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཤིང་། འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་རང་འགུལ་ངང་ཁྲོམ་གཞུང་དུ་གཙང་སྦྲ་བྱེད་པའི་གནས་ཚུལ་ཡིན་པ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།