ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས25ཉིན་ཏེང་ཞའོ་ཀང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཀོང་པོ་རྒྱ་མདའི་ཕུག་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ(ཉིང་ཁྲིའི་དུམ་བུ)སྔོ་འགྱུར་མཛེས་བཟོའི་ལས་གྲྭ་འཛུགས་སྐྲུན་བྱ་ཚུལ་ཐད་གཟིགས་ཞིབ་གནང་བ་དང་། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ལས་གྲྭའི་འཛུགས་སྐྲུན་པ་ཚོར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས25ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཀོང་པོ་རྒྱ་མདའི་ཕུག་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ(ཉིང་ཁྲིའི་དུམ་བུ)སྔོ་འགྱུར་མཛེས་བཟོའི་ལས་གྲྭ་འཛུགས་སྐྲུན་བྱས་ཚུལ་ཐད་གཟིགས་ཞིབ་གནང་བ་དང་། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ལས་གྲྭའི་འཛུགས་སྐྲུན་པ་ཚོར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

ཀོང་པོ་རྒྱ་མདའི་ཕུག་ལམ་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཡིན་པ་དང་། མིག་སྔར་ཕུག་ལམ་ཤར་གཏོང་ཐུབ་ནས་ལམ་བཏིང་རྩིས་ཡོད་ཅིང་། “བོད་འདི་ཉིད་ས་བབ་མཐོ་ལ་གསོ་རླུང་མི་འདང་བས་ཁྱེད་ཚོ་དེར་གཟུགས་པོ་བདེ་པོ་འདུག་གམ། བདེ་འཇགས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་དམ། ལས་གྲྭའི་སྤུས་ཚད་ཐད་འགན་ལེན་ཡོད་དམ། གླ་ཕོགས་སྤྲད་ཡོད་དམ”ཞེས་ཏེང་ཞའོ་ཀང་གིས་བཀའ་འདྲི་ཞིབ་ཕྲ་གནང་། “བོད་ཀྱི་རྣམ་གྲངས་མང་པོའི་ཁྲོད་ང་ཚོ་ཞུགས་མྱོང་བ་དང་སྤུས་ཚད་ལྟ་སྐུལ་དོ་དམ་ཚང་མ་འགན་ལེན་ཐུབ་ཀྱི་ཡོད། བཟོ་པ་ཚོའང་དགུན་དུས་ཨར་ལས་ཐུབ་པ་དང་། གླ་ཕོགས་དུས་ཐོག་དང་གྲངས་ཚད་ལོན་པའི་ངང་སྤྲོད་ཀྱི་ཡོད་པས་ཚང་མས་བློ་བདེ་པོའི་ངང་ཐོན་སྐྱེད་ཁྲོད་ཞུགས་ཀྱི་ཡོད”ཅེས་ཨར་ལས་ཚན་པའི་འགན་ཁུར་བས་ལན་བཏབ།

 ཏེང་ཞའོ་ཀང་གིས་ཞིབ་ཕྲའི་ངོ་སྤྲོད་གསན་རྗེས་ཐུགས་བློ་བདེ་པོ་བྱུང་བ་དང་ལས་གྲྭའི་ཨར་ལས་འཕེལ་རིམ་དང་། སྤུས་ཚད་དོ་དམ། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ཐད་ཁས་ལེན་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་ལས་གྲྭ་འཛུགས་སྐྲུན་བྱེད་མཁན་དང་དོ་དམ་བྱེད་མཁན་ཚོར་བྱམས་བརྩེའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཏེང་ཞའོ་ཀང་གིས་ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་ནི་ལྷ་ས་དང་ཉིང་ཁྲི་འབྲེལ་མཐུད་བྱེད་པའི་འཐབ་ཇུས་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དེར་འགྲིམ་འགྲུལ་གྱི་འཇུར་མིག་ཚོད་འཛིན་མེད་པར་བཟོ་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བོད་དབུས་ཀྱི་ལྟེ་བའི་དཔལ་འབྱོར་ཁུལ་གྱི་ལམ་རྒྱ་གཙོ་བོའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ། ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་3གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྡེ་ཚན་ཁག་དང་། གྲོང་ཁྱེར་དང་རྫོང་ཁག ཨར་ལས་ཚན་པ་བཅས་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཅངས་ཏེ་བདེ་འཇགས་ཨར་རྒྱག་བྱ་རྒྱུ་དེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་པ་དང་། མི་རྩ་བར་འཛིན་ནས་ཨར་ལས་མི་སྣའི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ་ཨར་ལས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་དུས་ཚོད་ཀྱི་དུས་མཚམས་བླང་བྱར་གཞིགས་ཏེ་ལས་དུས་ལྡོག་རྩིས་བརྒྱབ་ནས་དུས་ཚོད་དམ་འཛིན་དང་། མྱུར་ཚད་མགྱོགས་སུ་གཏོང་བ། ལས་ཕྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། སྤུས་ཚད་ལ་མཐོང་ཆེན་བྱས་ཏེ་སྤུས་ཚད་ལྟ་སྐུལ་དོ་དམ་བྱ་རྒྱུ་དེ་ལྷུ་ཚིགས་མི་རེ་ངོ་རེ་དང་གནད་དོན་ཞིབ་ཕྲ་མི་རེ་ངོ་རེར་དོན་འཁྱོལ་ཐུབ་པ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤུས་དག་ལས་གྲྭ་དང་། དཔེ་མཚོན་ལས་གྲྭ དཔེ་སྟོན་ལས་གྲྭ་བཅས་སུ་གཏོད་དགོས་ཞེས་བསྟན་གནང་བ་རེད།

དེ་རྗེས་ཏེང་ཞའོ་ཀང་གིས་རླངས་འཁོར་ནང་ཞུགས་ཏེ་ལམ་རྒྱུད་ཀྱི་སྔོ་འགྱུར་མཛེས་བཟོའི་ལས་གྲྭ་འཛུགས་སྐྲུན་བྱས་ཚུལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གིས་གཏན་ལ་ཕབ་པའི“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གཞུང་ལམ་འཛུགས་སྐྲུན་དང་ལམ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་ཐད་མཉམ་དུ་སྐུལ་འདེད་གཏོང་བ། གཞུང་ལམ་ལམ་རྒྱུད་དེ་ལྗང་མདོག་བགྲོད་ལམ་ཆེན་པོར་བསྐྲུན་པ་བཅས་བྱས་ཐོག་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། ས་གཞི་དེ་བས་ལྗང་བ། མཁའ་རླུང་དེ་བས་གཙང་བ་བཅས་སུ་འགྱུར་ནས་བོད་ཀྱི་འཕེལ་རྒྱས་གསར་པའི་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།