ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་བཅས་པ་ཆུ་ཤུར་རྫོང་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་མེ་འཁོར་བབས་ཚུགས་ཉེ་འགྲམ་དང་རྟ་དཀར་ཤང་རྟ་དཀར་གྲོང་ཚོའི་མེ་འཁོར་བབས་ཚུགས་ཉེ་འགྲམ་གྱི་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་ཆེ་དགྲ་ལྷས་ས་ཆ་གཉིས་ཀྱི་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གདམ་ག་བྱེད་ཚུལ་དང་རྣམ་གྲངས་ལག་བསྟར་གྱི་ཇུས་གཞི་དང་དེ་བཞིན་རྣམ་གྲངས་འཆར་འགོད་དཔེ་རིས་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་དང་། ལས་གྲྭའི་དུས་འགོའི་གྲ་སྒྲིག་དང་། མ་དངུལ་འཁོར་རྒྱུག གནས་སྤོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། རྗེས་མཐུད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དབུལ་སྐྱོར་གནས་སྤོ་དེ་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ཡིན་ལ། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འདུ་འགོད་གལ་ཆེན་ཡང་རེད། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ནི་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཆེ་དགྲ་ལྷ་དང་བཅས་པས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཁོང་གིས་རིམ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྐྱོར་གནས་སྤོའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མི་རྩ་བར་འཛིན་རྒྱུ་དེ་གནས་བབ་མངོན་གསལ་དོད་པོར་བཞག་ནས་དབུལ་སྐྱོར་གནས་སྤོའི་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་དམ་འཛིན་བྱེད་ས་ནུས་ལྡན་ཞིག་ཏུ་བརྩིས་ནས་ས་ཆ་དེ་གའི་དབུལ་པོའི་མི་འབོར་རྣམས་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་སྒྲོལ་ཐུབ་པ་བྱེད་དགོས། མཐའ་དག་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འགན་འཁུར་ཕོད་པ་བྱས་ཏེ“ནན”དང“དྲང་”གི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལྷ་སའི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས“དོན་དངོས་དང་ཟུང་འབྲེལ་དང་དངོས་ཕན་ཐོབ་པའི”སྲིད་ཇུས་དང་བྱ་ཐབས་བཟོ་བ་དང་འབྲེལ་སྲིད་ཇུས་ཀྱི་ཕྱོགས་སྟོན་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་དབུལ་སྐྱོར་གནད་སྨིན་དང་དབུལ་སྒྲོལ་གནད་སྨིན་ཟུང་འབྲེལ་གྱིས་དབུལ་སྐྱོར་གནས་སྤོ་བྱེད་རིང་བསྡོམས་རྩིས་གཞི་གྲངས་གནད་སྨིན་ཡིན་པའི་འགན་ལེན་བྱས་ནས། སྔོན་ལ་དུད་ཚང་དབུལ་པོ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་དང་རྗེས་སུ་མཐའ་འགྲམ་དུད་ཚང་དབུལ་པོ་རིམ་བཞིན་ཐག་གཅོད་བྱེད་དགོས། སྲིད་ཇུས་འཐུས་ཚང་དུ་བཏང་ནས་དམིགས་ཚད་སྔར་བས་ཁ་གསལ་བཟོ་བ་དང་བརྟག་ཞིབ་ནན་ཏན་བྱས་ཐོག《ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་གནད་སྨིན་གྱི་གནས་སྤོའི་མི་སེར་གནས་སྤོ་ཚོད་ལྟའི་སྐོར་གྱི་སྲིད་ཇུས》དུས་ཐོག་ཏུ་བཏོན་ནས་ཉམས་མྱོང་དང་བྱེད་སྟངས་ཡག་པོ་འཚོལ་ཞིབ་བྱེད་པ་དང་ལྗོངས་ཡོངས་སུ་བསྐྱར་བཟོ་ཐུབ་པའི་དབུལ་སྐྱོར་གནས་སྤོའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ། ལྷ་སའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

 

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།