ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་པ་སྣམ་རྫོང་འདུས་ཆུང་ཤང་གྲས་བྱང་སྡེ་བར་སྡོད་པའི་སྐོར་བཞི་བའི་ལས་བྱེད་རུ་ཁག་གིས་ཧུར་ཐག་སྒོས་མང་ཚོགས་ལ་འབྱོར་ཕྱུག་གི་བགྲོད་ལམ་གཏོད་བཞིན་པ།

བློ་རིག་གི་རྒྱབ་སྐྱོར་གཙོ་བྱས་ཏེ་ཚན་རྩལ་གྱི་ཤེས་བྱའི་སློབ་གསོ་དང་སྤྱོད་སྒོ་ཆེ་བའི་ལག་རྩལ། ནུས་རྩལ་གསོ་སྐྱོང་སོགས་རྒྱ་ཆེར་སྤེལ་ནས་སྡེ་མི་རྣམས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྣེ་ཁྲིད་པ་དང་ཚན་རིག་ལག་རྩལ་གྱི་ཤེས་བྱ་སྦྱོང་བ་བཅས་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཉམས་མྱོང་ཕུན་སུམ་ཚོགས་པའི་སྡེ་མི་དང་འཇོན་མི་གདན་འདྲེན་བྱས་ནས།  སློབ་སྦྱོང་དང་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞིང་ཕྱུགས་ལས་ཐོན་སྐྱེད་ཉམས་མྱོང་དང་ཕྱི་ནས་ཞོར་ལས་བྱེད་པའི་མྱོང་ཚོར་བརྗེ་རེས་བྱས་པ། སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་མི་སྣ་དང་གསོ་སྤེལ་ཆ་རྐྱེན་ལྡན་པའི་དཔེ་སྟོན་ཅན་གྱི་ཞིང་བའི་ཁྱིམ་འགའ་ཤས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྐུལ་སློང་བྱས།  མིག་སྔར། འདུས་ཆུང་ཤང་གི་སྔོ་ཚོད་དྲོད་ཁང་དང་བྱ་ཕག་གསོ་བ། སོ་ཕག་བསྲེགས་པ།  ཤིང་ཆ་ལས་སྣོན་སོགས་གཙོ་གནད་ཐོན་ལས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དེ་གྲས་བྱང་སྡེ་བའི་ཁྱིམ་ཚང47གི་སྡེ་མིའི་སྲོལ་རྒྱུན་གྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པའི་རྣམ་པ་གསར་བ་ཞིག་ཤར་འདུག  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།