ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་ཁྱད་ལྡན་ཐོན་ལས་དཔེ་སྟོན་འཛིན་གྲྭ་གཉེར་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔེ་སྟོན་འཛིན་གྲྭའི་ནང་ཞུགས་མཁན་སློབ་མ་50རྣམས་གཙོ་བོ་སྲིད་གཞུང་སྡེ་ཚན་ནས་ཡོང་བ་ཡིན། ད་ཐེངས་ཀྱི་ཁྱད་ལྡན་ཐོན་ལས་དཔེ་སྟོན་འཛིན་གྲྭའི་དམིགས་ཡུལ་ནི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་དོ་དམ་གྱི་འཐབ་ཕྱོགས་དང་པོའི་ནང་ཞུགས་མཁན་ཏང་ཡོན་ལས་བྱེད་པ་དེ་བས་མང་བས་ལྷ་ས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་དང་གྲུབ་འབྲས་གལ་ཆེན་ངོས་འཛིན་དེ་བས་གསལ་པོ་བྱེད་པ་དང་ལྷ་ས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་ཀྱིས་བོད་ཀྱི་ས་ཁུལ་ཧྲིལ་པོར་སྐུལ་ཁྲིད་ནུས་པ་ཐོན་རྒྱུར་ངོས་འཛིན་ཐུབ་པ་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྷ་སའི་ཐོན་ལས་འཆར་འགོད་ཀྱི་རྣམ་པ་ཧྲིལ་པོ་ཕྱོགས་ཡོངས་ཤེས་རྟོགས་བྱེད་པ་དང་ལྷ་སའི་འབྱུང་འགྱུར་འཕེལ་རྒྱས་ཁྲོད་བརྟེན་དགོས་པའི་གཙོ་ཁྲིད་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ཀྱི་ངེས་གནས་གནད་འཁེལ་ངང་བཙལ་ཏེ། ལྷ་སའི་ཐོན་ལས་འཕེལ་རྒྱས་ལ་ཐོན་ལས་ཤེས་ལྡན་མི་སྣའི་ཆེད་དོན་གསོ་སྦྱོང་དང་གསོག་འཇོག་ལས་དོན་ཡག་པོ་སྒྲུབ་རྒྱུ་མངོན་འགྱུར་བྱ་རྒྱུ་དེ་ཡིན།

“ད་ཐེངས་ཁྱད་ལྡན་ཐོན་ལས་དཔེ་སྟོན་འཛིན་གྲྭ་གཉེར་བ་དེ་ནི‘ཐོན་ལས་སྟོབས་ཆེན་གྲོང་ཁྱེར’གྱི་དཔྱད་གཞི་ཚོགས་ཆུང་གིས་ཚན་ཞིབ་ཞིབ་འཇུག་འབྲས་བུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། ཏང་གི་སློབ་གྲྭའི་ཚན་ཞིབ་གྲུབ་འབྲས་སློབ་ཁྲིད་བྱེད་པའི་མྱོང་བ་གསར་རྐྱང་ཞིག་ཀྱང་ཡིན་པས། ཏང་གི་སློབ་གྲྭའི་ཚན་ཞིབ་གཡུལ་ས་དང་སློབ་ཁྲིད་གཡུལ་ས་ཕྱོགས་གཉིས་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་ནུས་ལྡན་བྱུང་ཡོད”ཅེས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་གྲོང་ཨུད་ཏང་གི་སློབ་གྲྭའི་ཞའོ་ཀྲང་ལུང་ཀྲི་ཀང་གིས་གསར་འགོད་པར་བཤད།

དེ་དང་ཆབས་ཅིག་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་ཁྲིད་གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁྱད་ལྡན་ཐོན་ལས་དཔེ་སྟོན་འཛིན་གྲྭས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བ་དང་ས་ཁུལ་དེ་ག་དང་ཡུལ་གཞན་རམ་འདེགས་བྱེད་པའི་གསོ་སྦྱོང་བྱེད་སྟངས་སྤྱད་དེ། ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་ལ་དམ་པོར་དམིགས་ནས་ཆེད་དོན་འཆད་ཁྲིད་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་སློབ་ཁྲིད་མཉམ་སྐུལ་བཅས་བྱས་ཡོད། “ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་གྲས་སུ་ལག་རྩལ་རིགས་གཅིག་མཁས་ཅན་ཡོད་ལ་མཐོ་རིམ་དོ་དམ་མི་སྣ་ཡང་ཡོད། གསོ་སྦྱོང་བྱེད་སྟངས་གསར་པ་བརྒྱུད་ཚང་མར་དེ་བས་ལེགས་པའི་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྤེལ་རེས་རྒྱ་ཁྱབ་བྱེད་པ་བཅས་ཀྱི་གོ་སྐབས་གཏོད་པ་དང་རིགས་གཞུང་བྱང་ཚད་དང་ལག་ལེན་བེད་སྤྱོད་སོགས་ཐད་གསོ་སྦྱོང་ནང་ཞུགས་མཁན་སློབ་མར་སྦྱོང་བརྡར་དང་བྱང་ཚད་མཐོ་རུ་དངོས་སུ་གཏོང་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཏང་གི་སློབ་གྲྭས་ད་ཐེངས་ཀྱི་གསོ་སྦྱོང་དེ་གོ་སྐབས་སུ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་གི་ཕུགས་ཕན་ལམ་སྲོལ་བཏོད་ཡོད”ཅེས་ལུང་ཀྲི་ཀང་གིས་གསར་འགོད་པར་ངོ་སྤྲོད་བྱས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།