ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་22ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གསོ་རིག་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུ་སྐབས། རང་རྒྱལ་གྱི་རེས་སྐོར་གསར་པའི་སྨན་བཅོས་སྒྱུར་བཅོས་ཀྱི་འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལི་པིན་གྱིས་རང་རྒྱལ་གྱི་གྲོང་མིའི་ཆ་སྙོམས་ཚེ་ཚད་2015ལོའི་སྔོན་རྩིས་དང་བསྡུར་ན། 2010ལོ་ལས་ལོ་1འཕར་བ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་2008ལོའི་34.2/ཁྲི་10ནས་2014ལོའི་21.7/ཁྲི་10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་2008ལོའི་14.9‰ནས་ 2014ལོའི་8.9‰བར་ཆག་པ་དང་ཆབས་ཅིག་གྲོང་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་འཕྲོད་བསྟེན་གྲོན་དངུལ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་ཆག་པ་དེ་2010ལོའི་35.29%ནས་2014ལོའི་31.99%བར་ཆག་ནས་ཉེ་བའི་ལོ་20རིང་གི་ཚད་གཞི་དམའ་ཤོས་སུ་སླེབས་པ་དང་ལོའི་ནང་30%བར་ཆག་པའི་དམིགས་ཚད་འགྲུབ་རེ་ཡོད།

2009ལོར་རེས་སྐོར་གསར་པའི་སྨན་བཅོས་སྒྱུར་བཅོས་འགོ་ཚུགས་ཚུན། རང་རྒྱལ་གྱིས་སྲིད་ཇུས་གལ་ཆེན་གྱི་ཡིག་ཆ་53བཏོན་ནས་ཅུང་འཐུས་ཚང་གི་ལམ་ལུགས་སྒྲོམ་གཞི་སྤྱིའི་ཆ་ནས་བཙུགས་ཡོད། རིམ་ཁག་ནོར་སྲིད་ཀྱིས་སྨན་བཅོས་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2009ལོ་ནས་2014ལོ་བར། རྒྱལ་ཡོངས་ནོར་སྲིད་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་སྒོར་དུང་ཕྱུར་ཁྲི་4བཏང་བ་དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་ཁྲི་1.2བཏང་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།