ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་ཤེས་རྟོགས་བྱས་པར། རྫོང་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་ཆ་སྒྲིག་རོགས་སྐྱོར་ལས་དོན་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་གྲོང་གསེབ་ཀྱི་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་པ་དང་། ཆེས་དངོས་ཡོད་དང་ཆེས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་འགག་གནད་དུ་བྱས་པ། གྲོང་གསེབ་ཀྱི་རྣམ་པ་འགྱུར་བ་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུ་བཅས་དམིགས་ཚད་དུ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་གསར་པར་འཛུགས་སྐྲུན་ཕན་འབྲས་དངོས་ཐོབ་རྒྱུ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་འགན་ལེན་བྱས་པ་རེད།

ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་བཏང་ནས། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་ཆ་སྒྲིག”བྱེད་སྒོ་རྣམ་པ་ཙམ་མིན་པ་དང་། ཕྱི་ཚུལ་ཙམ་མིན་པ། ཕན་འབྲས་ཐོབ་ཐུབ་པ་བཅས་འགན་ལེན་བྱ་ཆེད། ཆུ་ཤུར་རྫོང་ཨུད་ཀྱིས་འབྲེལ་ཡོད་ཀྱི་ཡིག་ཆ་ཞིབ་འཇུག་བྱས་པ་དང་བཟོས་ནས“1+1”གི་ཆ་སྒྲིག་འབྲེལ་བ་བཞི་བཙུགས་པ་སྟེ། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་1གིས་གྲོང་ཚོ་1དང་ཆ་སྒྲིག་འབྲེལ་བ་བྱེད་པ་དང་། རྫོང(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་1གིས་གྲོང་ཚོའི་ཏང་ཀྲི་པུའུ་1དང་ཆ་སྒྲིག་འབྲེལ་བ་བྱེད་པ། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་1གིས་ཞིང་འབྲོག་པ་1ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱེད་པའམ་ཡང་ན་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་1དང་ཆ་སྒྲིག་བྱེད་པ། “ཏང་ཡོན་ཐུགས་ཁུར་ཚོགས་ཆུང”1གིས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་1དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་བཅས་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོའི་ཁྲོད་ཆུ་ཤུར་རྫོང་གིས་ཁྱོན་ཆ་སྒྲིག་འབྲེལ་བ་56བཙུགས་ནས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་116བསྒྲུབས་པར་ཁྱོན་མ་དངུལ་སྒོར་ཁྲི་24བཏང་བ་དང་། ཏང་འཛུགས་ཀྱི་ཆ་སྒྲིག་ཕྱོགས་གཉིས་ཀའི་ཁས་ལེན་ཡི་གེ་71ལ་མིང་རྟགས་བཀོད་པ་དེའི་ནང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་གྲོང་ཚོའི་ཏང་ཀྲི་པུའུ་དབར་ཕྱོགས་གཉིས་ཀའི་ཁས་ལེན་ཡི་གེ་30ལ་མིང་རྟགས་བཀོད་པ་དང་། བྱ་བ་དངོས་56སྒྲུབ་པ། མ་དངུལ་སྒོར་ཁྲི་9བཏང་བ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་སྒོར་ཁྲི་80བཏང་བ། བརྟག་ཞིབ་ཐེངས་120བྱས་པ་བཅས་དང་། རྫོང་རིམ་པའི་ལས་བྱེད་པ་དང་རོགས་སྐྱོར་བྱ་ཡུལ་དབར་ཕྱོགས་གཉིས་ཀའི་ཁས་ལེན་ཡི་གེ་21ལ་མིང་རྟགས་བཀོད་པ་དང་། བྱ་བ་དངོས་14བསྒྲུབས་པ། མ་དངུལ་སྒོར་ཁྲི་1.63བཏང་བ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་སྒོར་ཁྲི་20བཏང་བ། བརྟག་ཞིབ་ཐེངས་60བྱས་པ་བཅས། ཁོའོ་རིམ་པའི་ལས་བྱེད་པ་དང་རོགས་སྐྱོར་བྱ་ཡུལ་དབར་ཕྱོགས་གཉིས་ཀའི་ཁས་ལེན་ཡི་གེ་15ལ་མིང་རྟགས་བཀོད་པ་དང་། བྱ་བ་དངོས་40བསྒྲུབས་པ། མ་དངུལ་སྒོར་ཁྲི་13.5བཏང་བ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་སྒོར་ཁྲི་21བཏང་བ། བརྟག་ཞིབ་ཐེངས་260བྱས་པ་བཅས་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་རོགས་སྐྱོར་བརྒྱུད་རིམ་ཁྲོད། ཆུ་ཤུར་རྫོང་གིས་དེ་སྔའི“དབུལ་སྐྱོར་འཚམས་འདྲི”དང“དམངས་སྲིད་རོགས་སྐྱོབ”ཀྱི་དབུལ་སྐྱོར་རྣམ་པར་འགྱུར་ལྡོག་བཏང་ནས། རིགས་དབྱེའི་རོགས་སྐྱོར་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི“རང་བརྟེན”ནུས་པ་མཐོ་རུ་བཏང་ཡོད། ལོ་ན་ཅུང་ཆེ་བ་དང་ལག་རྩལ་གང་ཡང་མེད་མཁན་ཚོར་དམིགས་ཏེ་ཁོང་ཚོའི་འདུ་ཤེས་སྒྱུར་རོགས་དང་། དབུལ་སྐྱོར་གྱི་བསམ་ཕྱོགས་གསལ་བཟོ། ཕྱུག་འགྱུར་གྱི་ཡིད་ཆེས་འཕེལ་རོགས་བཅས་བྱས་པ་དང་། ལག་རྩལ་རོགས་སྐྱོར་བྱས་པ་བརྒྱུད། ཞིང་འབྲོག་པའི་ཏང་ཡོན་ལ་ལས་སྣོན་དང་གཉེར་སྐྱོང་ཆུང་ངུའི་འཇོན་ཐང་གསོ་སྦྱོང་བྱས་པ་དང་། གཞི་ཁྱོན་ཆུང་བའི་འདེབས་གསོ་བརྒྱུད་ལས་གཏོད་ཐེངས་གཉིས་པ་ཐུབ་པ་བྱས་པ། ཏང་འཛུགས་སྐྱོང་རོགས་སྐྱོར་ཆ་སྒྲིག་བྱེད་སྒོ་སྤེལ་བ་བརྒྱུད། “དབུལ་སྐྱོར”དང“བསམ་བློའི་སློབ་གསོ་གཏོང་བ”དང་། “རང་བརྟེན”དང “གཞན་བརྟེན”ནུས་ལྡན་ངང་ཟུང་འབྲེལ་ཐུབ་པ་བྱུང་བ་མ་ཟད། དབུལ་སྐྱོར་དང་དབུལ་སྒྲོལ་གྱི་ལམ་བུ་འཚོལ་ཐུབ་པ་བྱུང་ནས་དབུལ་པོའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།