ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་ནས་ཤེས་རྟོགས་བྱས་པར། 2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད་པ་དང་བསྟུན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བོད་ཀྱི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས《2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་ཀྱིས“སྤྱོད་ཚུལ་བཞི”རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ་བསྡུས་མིང་ལ《བརྡ་ཐོ》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པ་རེད། 《བརྡ་ཐོའི》ནང་རིམ་ཁག་ཏང་ཨུད(ཏང་རྩ་འཛུགས)ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ” “བླང་བྱ་ཁག་དགུ”བཅས་ལག་བསྟར་བྱ་རྒྱུ་དང་དུས་ཆེན་གསུམ་ལ་དམ་འཛིན་གྱིས“སྤྱོད་ཚུལ་བཞིའི”གནད་དོན་སོགས་ཡོ་བསྲང་བྱ་རྒྱུའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་གསུམ་རིང་སྒྲིག་བཤེར་ཨུ་ལྷན་གྱིས“སྤྱོད་ཚུལ་བཞི”ཡོ་བསྲང་དང་ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་རྒྱུ་དང་། དུས་ཆེན་གསུམ་ལ་དམ་པོར་དམིགས་པ། དུས་མཚམས་འོས་འཚམ་རིང་ཉོ་སྒྲུབ་ཚོང་ར་དང་། བཟའ་བཏུང་རོལ་རྩེད། ཏང་སྲིད་ལས་ཁུངས་གལ་ཆེན་དང་གཞུང་ཁོངས་ཁེ་ལས་ལས་ཁུངས་ཀྱི་ཟ་ཁང་སོགས་སུ་གཞུང་དོན་སྣེ་ལེན་འགྲོ་སོང་དང་། ཞག་སྡོད་འགྲོ་སོང་། ཚོགས་འདུའི་འགྲོ་སོང་སོགས་འཛད་སྤྱོད་ཀྱི་རྩིས་ཁྲར་ཞིབ་བཤེར་བྱ་རྒྱུ་དང་། དོགས་པ་ཡོད་པའི་ཁུངས་སྣེ་རྩད་ཆོད་ན་དུས་ཐོག་ཏུ་དཔང་རྟགས་འཚོལ་བ་དང་། ཆབས་ཅིག མང་ཚོགས་ཀྱིས་ལྟ་སྐུལ་དང་། སྤྱི་ཚོགས་ཀྱིས་ལྟ་སྐུལ། གླེང་ཕྱོགས་ཀྱིས་ལྟ་སྐུལ་བཅས་བསྡུ་སྒྲིལ་ཧུར་ཐག་བྱས་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ལས་ཀའི་ལམ་སྲོལ་ལ་བརྟེན་ནས་ཚུལ་མིན་སྤྱོད་ངན་མི་ཐོན་པ་བྱེད་རྒྱུ་ཡིན་པ་རེད།

དུས་ཆེན་རིང་མང་ཚོགས་ཀྱིས་གལ་སྲིད་གཞུང་དངུལ་སྤྱད་ནས་དུས་ཆེན་གྱི་ལགས་རྟགས་འབུལ་བ་དང་གཞུང་དངུལ་ལ་བརྟེན་ནས་རོལ་རྩེད་འཛད་སྤྱོད་དང་གཞུང་འཁོར་སྒེར་སྤྱོད་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རྩད་ཆོད་ཚེ། ཁ་པར་0891—12388བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་པ་མ་ཟད་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བའི“རང་སའི་ཐེར་འདོན་གོང་ཞུ”བརྒྱུད་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།