ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཡོངས་དང་བོད་རང་སྐྱོང་ལྗོངས་ཀྱི་གྲོས་ཚོགས་གཉིས་མ་འཚོགས་པའི་ཡར་སྔོན། བོད་དུ་སྡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མིས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་ཚན་བཅུ་གཉིས་པའི”སྐབས་སུ་ལས་ཞུགས་བྱ་བར་སྐུལ་འདེད་བྱས་པའི་གྲུབ་འབྲས་ལ་ལྟ་ཞིབ་བྱས་པ་མ་ཟད། ལས་ཁུངས་སོ་སོ་དང་མི་དམངས་མང་ཚོགས་ཀྱིས་རྗེས་མར་ལས་ཞུགས་བྱ་བར་སྐུལ་འདེད་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཡོན་ཏན་དང་སྐལ་བཟང་སྒྲོལ་དཀར། ཡེ་ཤེས་སྒྲོལ་དཀར། ཚེ་དབང་རིག་འཛིན་སོགས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ལྷ་ས་སྤྱི་སྤྱོད་རླངས་འཁོར་སྡེ་ཚོགས་ཀུང་སི། བོད་རང་སྐྱོང་ལྗོངས་ལས་ཞུགས་ཅུའུ།  བོད་ལྗོངས་ཐེན་ཅའོ་ལས་རིགས་ནུས་རྩལ་གསོ་སྦྱོང་སློབ་གྲྭ་བཅས་ལ་སོང་ནས་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། སློབ་ཆེན་པ་དང་རོང་འབྲོག་མང་ཚོགས་གཉིས་བར་བསམ་བློ་བརྗེ་རེས་བྱས་ཏེ། ལས་ཞུགས་གསོ་སྦྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

འཐུས་མི་ཚོས་ལྷ་ས་གྲོང་ཁྱེར་གྱིས“ཐོན་ལས་བཞིའི་ལས་གཞི”ཡི་འབྲེལ་ཡོད་ཐོན་ལས་དར་སྤེལ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་བྱེད་པ་དང་། སློབ་ཆེན་པའི་ལས་ཀ་གསར་སྐྲུན་སོགས་ལས་ཞུགས་བྱ་བར་སྐུལ་འདེད་ལ་ཚད་མཐོ་བའི་གདེང་འཇོག་བྱས།

འཐུས་མི་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་བྱ་བ་སྐུལ་འདེད་ཀྱི་གྲུབ་འབྲས་དང་ཉམས་མྱོང་།  འཕྲད་པའི་གནད་དོན་སོགས་སྤྱི་བསྡོམས་བྱེད་པ་དང་ཞིབ་ཕྲ་དང་ཚན་རིག་ལྡན་པའི་ཞིབ་འཇུག་བརྟག་དཔྱད་ཀྱི་སྙན་ཞུ་དང་གྲོས་གཞི་བཏོན་ཏེ། རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་སྟེང་ཏང་དང་སྲིད་གཞུང་གི་ཐབས་ཇུས་ཡང་དག་པ་བློ་གཏད་ཆོག་པའི་ཁུངས་ལུང་འདོན་སྤྲོད་བྱེད་རྒྱུ་ཡིན་པ་བསྟན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།