ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྔོན་ལ་ནན་པོ་ཡོང་བ་བྱས་ཏེ་བྱ་བ་དྲང་པོ་སྒྲུབ་པའི་སྤྱིའི་བླང་བྱ་གཞིར་བཟུང་གྲ་ནང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་བྱེད་གཞིར་བྱེད་པ། “མངོན་གསལ་དོད་པོ་བཞི”བྱེད་ཐབས་གཙོ་བོར་བྱེད་པ། ལྷུ་ཚིགས་ཁག་གི་དོན་འཁྱོལ་ལས་དོན་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུ་འགན་ལེན་བྱས་ཡོད།

ཆེད་དོན་སློབ་གསོའི་རྣམ་པ་གཏོད་རྒྱུ་མངོན་གསལ་དོད་དུ་བཏང་བ། རྫོང་བརྙན་འཕྲིན་ལས་ཁུངས་དང་རྫོང་ཏང་འཛུགས་སྐྱོང་དང་རིག་གནས་བར་ཁྱམས་ནང་གྲ་ནང་རྫོང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྒྲོམ་འཛུགས་པ་དང་ཐད་ཀའི་སྐད་ཡིག་དང་དཔེ་རིས་ལ་བརྟེན་ནས་ལས་དོན་སྤེལ་ཚུལ་མངོན་པ་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལག་ཐོགས་ཁ་པར་ཚགས་པར་གཉེར་བ་དང་། ཚོན་འཕྲིན་གྱི་བྱེད་ཐབས་ལ་བརྟེན་ནས་འཕྲལ་མར་རྫོང་ཡོངས་ཀྱི་ཚན་པ་ཁག་དང་རིམ་ཁག་ཏང་རྩ་འཛུགས་སུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་དུས་ཐོག་ཏུ་སྤེལ་ཚུལ་གྱི་དྲིལ་བསྒྲགས་འཕྲིན་སྤེལ་བྱས་ཡོད། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་འདུ་འཛིན་ཆེ་སར་དྲིལ་བསྒྲགས་སྦྱར་ཡིག་དང་ཕྱི་རོལ་གྱི་དྲིལ་བསྒྲགས་སྒྲོམ་ཆེ་གྲས་བཟོས་ནས་རྫོང་ཡོངས་སུ་མིག་སྔར་རིགས་ཁག་གི་དྲིལ་བསྒྲགས་འགྲེམས་པང་དང་འཕྲེད་འགེལ་སྦྱར་ཡིག120ཙམ་བཟོས་ཡོད།

གསར་གཏོད་གཞི་རྟེན་མངོན་གསལ་དོད་དུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱས་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད་གྲ་ནང་རྫོང་གིས“ནན་དྲང”ཐད་གཞི་རྟེན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ་གཅིག་ནས་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་རིག་གནས་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་སྔར་བས་མཐོ་རུ་གཏོང་ཆེད་འདུ་ཤེས་གསར་པ་དང་། བྱང་ཚད་མཐོ་བ། ནུས་པ་ཆེ་བ་བཅས་ཀྱི་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་དཔུང་ཁག་གསར་པ་ཞིག་ཧུར་ཐག་གཏོད་པ་དང་གྲ་ནང་རྫོང་གིས་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་རིག་གནས་རྨང་གཞིའི་ཤེས་བྱའི་གསབ་སྦྱོང་འཛིན་གྲྭ་གཉེར་བ་རེད། མིག་སྔར་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་རིག་གནས་རྨང་གཞིའི་ཤེས་བྱའི་གསབ་སྦྱོང་འཛིན་གྲྭ་62ཏན་ཏིག་དང་གོ་རིམ་ལྡན་པའི་ངང་གཉེར་བཞིན་ཡོད། གཉིས་ནི་ཏང་གི་སྲིད་འཛིན་རྨང་གཞི་སྔར་བས་བརྟན་དུ་དང་གྲོང་ཚོའི(གྲོང་མི)མཉམ་སྡེབ་དཔལ་འབྱོར་ཡོང་འབབ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གྲ་ནང་རྫོང་གིས“མེད་པ་གཉིས”(གྲོང་ལྷན་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མེད་པ་དང་གྲོང་མིའི་ཚོགས་ཆུང་བྱེད་སྒོ་སྤེལ་ཡུལ་མེད་པ)ཀྱི་སྣང་ཚུལ་མེད་པ་བཟོ་བའི་ཆེད་དོན་ལས་དོན་སྤེལ་ཡོད། གསུམ་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་ཏག་ཏིག་རྒྱག་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྫོང་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱ་ཆེད་གྲ་ནང་རྫོང་གིས་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཁྲོད“ཚད་ལྡན་བཅུ་དང་མཐོར་གཏོང་བཅུའི”བྱེད་སྒོ་སྤེལ་བ། བཞི་ནས“བདུན་གཅིག”་ཏང་བཙུགས་ནས་ལོ94འཁོར་བའི་གོ་སྐབས་སྤྱད་ནས་རྫོང་ཡོངས་ཁྱབ་ཁོངས་སུ་ཏང་ཡོན་གྱི་ཐོབ་ཐང་མངོན་པ་དང་། ཏང་ཡོན་གྱི་གཟུགས་བརྙན་གཏོད་པ། ཏང་ཡོན་གྱི་ཉམས་འགྱུར་མངོན་པ་བཅས་ཀྱི“གཅིག་རེ་བཅུའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བཅས་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།