ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན།“བརྟན་ལྷིང་ནི་ཐམས་ཅད་ལས་ལྷག”བརྟན་ལྷིང་གི་སྤྱི་ཚོགས་དུས་བབ་མེད་ཚེ་བྱ་བ་གང་ཡང་སྒྲུབ་ཐབས་མེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དུས་ཐོག་ཏུ་འགྲུབ་པར་བརྟན་ལྷིང་ནི་སྔོན་འགྲོ་དང་འགན་ལེན་རེད། “བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས” ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཀོད་དེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སླར་ཡང་ནན་བཤད་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་དམིགས་ཚད་དང་ཐབས་ལམ་གསལ་པོ་བཟོས་པ་རེད། དེ་ནི་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་བཟོས་པའི་བཀོད་སྒྲིག་གལ་ཆེན་དང་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་ཐུན་མོང་གི་བསམ་འདུན་མཚོན་ཡོད་ཅིང་ང་ཚོས་དུས་བབ་གསར་པའི་འོག་གི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྲུང་བྱ་གལ་ཆེན་ཞིག་རེད།

“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”བོད་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་རྒྱལ་སྒོ་གལ་ཆེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་ཡོད། བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞི་དང་སྔོན་འགྲོ་རེད། བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་བོད་ཀྱི་དུས་བབ་ལ་བརྡར་ཤ་གཅོད་པ་དང་ལས་འགན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས།

བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དེས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགྲུབ་སླ་བ་ཞིག་མིན་པར་ཡུན་རིང་དང་། རྙོག་འཛིང་། དཀའ་ཚེགས་བཅས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉེན་ཁའི་འདུ་ཤེས་བརྟན་པོ་བཙུགས་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་པོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པོར་ངོས་འཛིན་གང་ལེགས་བྱས་ཏེ་ཚད་མཐོའི་དོགས་ཟོན་དང་། རིག་པ་དྭངས་གསལ། ལངས་ཕྱོགས་བརྟན་པོ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་ཚུལ། སྟེས་དབང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་དེ་བོད་ཀྱི་ལས་དོན་གྱི“གཞུང་སྐུད་དང་འཕྲེད་སྐུད”དུ་བརྩིས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་ཁུངས་བཙན་དང་ལས་འགན་གལ་ཆེན་ཨང་དང་པོ་དང་བརྟན་ལྷིང་ནི་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་གསར་གཏོད་དང་འཐུས་ཚང་དུ་གཏོང་རྒྱུ་ནི་བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ནུས་ལྡན་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཆེན་པོ་ཞིག་ཡིན་པ་དེ་ཕྱོགས་གང་ཅིར་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་བདེ་འཇགས་ཡོང་བའི་སྤྱི་ཡོངས་ཀྱི་དགོངས་ཚུལ་ལག་བསྟར་གཏིང་ཟབ་བྱེད་པར“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ཁྲིམས་བཞིན་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས་འགན་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་བྱ་ཐབས་མང་པོ་མཉམ་སྤྱོད་དང་ཕྱོགས་བསྡུས་བྱ་ཐབས་ལག་བསྟར་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ཐོག་བྱ་སྤྱོད་སྔོན་ལ་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་ཆུང་འབྲིང་ཙམ་ཡང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་རྒྱུ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་གཞི་རྩའི་འགན་ལེན་རེད། 2020ལོར་སླེབས་སྐབས་བོད་ཀྱིས་རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ་དང་ཁྲིམས་སྐྱོང་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། དུས་བདེའི་བོད་ལྗོངས་བཅས་བསྐྲུན་རྒྱུར་དམིགས་ཏེ་སྔར་བས་རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་སྒྱུར་བཅོས་ཟབ་གཏོང་དང་། འཕེལ་རྒྱས་ལ་སྐུལ་གཏོང་། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་ཁྲིམས་སྐྱོང་གི་མིག་རྒྱང་ཐོག་ནས་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞིབ་ལྟ་དང་། ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་ལས་ཀའི་བསམ་ཕྱོགས་བཟོ་བ། ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་མདུན་སྐྱོད་བྱེད་རིང་གི་དཀའ་གནད་སེལ་བ་བཅས་བྱེད་དགོས།

ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་ལ་འགན་འཁྲི་བརྟན་པོར་ངེས་པ་དང་། འགན་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་དང་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་དམ་དུ་བཏང་ནས“ཚན་ཁག་གཉིས”ཀྱི་འགོ་ཁྲིད་ལམ་སྲོལ་དང་། ཏང་སྲིད་དམག་ཉེན་དམངས་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ། རིམ་ཁག་འགོ་ཁྲིད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཁག་བགོས་འགན་གཙང་གི་ལམ་སྲོལ། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་དཔྱད་དཔོག་ལམ་སྲོལ། ཆ་འཕྲིན་དང་གསང་འཕྲིན་གྱི་ལས་ཀའི་ལམ་སྲོལ། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་སོགས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་སྔར་བས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་བརྟན་པོ་བསྐྲུན་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།