ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་ལ་ཉེ་བའི་སྐབས་ལྷ་སའི་ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པས་ཁེངས།ལོ་ངོ300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་སའི་ཁྲོམ་གཟིགས་སྒང་དུ་ལོ་གསར་གྱི་ཉེར་མཁོ་སྣ་ཚོགས་ཀྱིས་ཁེངས་ནས་མི་རྣམས་ལྟ་བས་མི་ཁོམ་པ་ཞིག་ཡོད་པ་དང་དངོས་ཟོག་ཉོ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་རེད། “དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་ལ་ཉེ་བས་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་མར་འཚོང་མཁན་སྒྲོལ་མ་ལྷ་མོས་དགའ་སྤྲོའི་ངང་བཤད། ལྷ་ས་གྲོང་ཁྱེར་ལྕགས་པོ་རི་ཚལ་ཁྲོམ་ནང་སུར་པན་དང་། ཀྲོ་མ་ཀྲུ། གུང་ལ་ཕུག་སོགས་ནམ་དུས་ཀྱི་སྔོ་ཚལ་གང་དགོས་ཡོད་པས་ཉོ་ཚོང་གཉིས་ཀ་ཡག་པོ་ཡོད་པ་རེད།

2015ལོའི་ཟླ12ཚེས་30ཉིན་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་ལོ་གསར་གྱི་ལག་རྟགས་དང་འཚམས་འདྲིའི་དངོས་པོ་ཁྱེར་ཏེ“4·25”ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་དྲོ་སྐྱིད་སྦྱིན་ཡོད། སྐྱིད་གྲོང་གྲོང་རྡལ་གྱི་གྲོང་མི་བདེ་སྐྱིད་ཀྱིས“མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་ལོ་གསར་འཆར་རིམ་བཞིན་ང་ཚོར་ལྟ་བར་ཡོང་གི་འདུག་པས་ང་ཚོའི་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད། ཉིན་དེའི་དགོང་མོ་ལྷ་སར“བཀྲ་ཤིས་འཇའ་ཚོན”ཞེས་པའི2016ལོའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་འཚོགས་ནས་ལྷ་སའི་མི་དམངས་ཚོར་མིག་དང་རྣ་ཡི་དབང་པོའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། “མཉམ་སྒྲོག་རོལ་དབྱངས་གཟབ་རྒྱས་དེ་ལྟ་བུ་མཐོང་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་པོ་འདུག ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པ་ལས་ང་ཚོའི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་ཡོད། སླད་ཕྱིན་རིག་གནས་བྱེད་སྒོ་འདི་ལྟ་བུ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྱི་བསྟན་པ་དབང་ཕྱུག་གིས་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།