ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་ཆེད་མངགས་ལྷ་སའི་གཞི་རིམ་འགྲིམ་འགྲུལ་ཉེན་རྟོག་པར་ངལ་གསོའི་ཉིན་མོ་ཞིག་བཞག་ནས་ལྷ་ས་གྲོང་ཁྱེར་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཚོས་འགྲིམ་འགྲུལ་ཉེན་རྟོག་པའི་ལས་ཀ་ཉིན་གཅིག་ཉམས་ལེན་བྱས་པས་གཞི་རིམ་འགྲིམ་འགྲུལ་བཀོད་འདོམས་ལས་གནས་ཀྱི་མི་དམངས་ཉེན་རྟོག་པ་ཚོར་གནམ་ལོ་གསར་ཚེས་གཏོང་ཁོམ་ཐེངས་དང་པོ་རག་ཡོད། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་ལས་སྒྲུབ་ས་ཚིགས་ཀྱི་ཆ་འཕྲིན་གཞིར་བཟུང་། བྱེད་སྒོ་སྤེལ་རིང་གྲོང་ཁྱེར་དེ་ཡོངས་སུ་ལས་སྒྲུབ་ས་ཚིགས་24བཙུགས་པ་དང་ལས་བྱེད་པ་དང་འགོ་ཁྲིད51དེའི་ནང་ཞུགས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཁྲེན་ཝུན་ཆང་གིས་གཞན་གྱི་སྔོན་དུ་བསྐྱོད་དེ་ཚེས་1ཉིན་གྱི་ཞོགས་པ་སྔ་པོ་ནས་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལམ་མདོར་འགྲིམ་འགྲུལ་བཀོད་འདོམས་བྱས་ཡོད། ཁོང་གིས་ད་རེས་ལམ་མདོ་ཁག་ཏུ་འགྲིམ་འགྲུལ་བཀོད་འདོམས་བྱེད་མཁན“འགྲིམ་འགྲུལ་ཉེན་རྟོག་པ”རྣམས་ནི་གྲོང་ཁྱེར་སྤྱི་བདེ་ཅུས་ཅུས་ཐད་གཏོགས་ཀྱི་སྡེ་ཚན་ཁག་དང་། གྲོང་ཁུལ་སྤྱི་བདེ་ཅུས། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་བཅས་ཀྱི་འགན་འཁུར་བ་གཙོ་བོ་ཡིན་པ་དང་། ཁོང་ཚོས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་གནའ་གྲོང་རུ་ཆེན་དང་། བུད་མེད་རུ་ཆེན། གྲོང་ཤར་རུ་ཆེན་སོགས་སུ་བསྐྱོད་དེ་ལས་གནས་ཐོག་ལས་བརྗེས་ཉམས་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས། ད་ཐེངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རིམ་ཁག་འགོ་ཁྲིད་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་ལས་ཀ་དང་འཚོ་བར་ཉམས་ལེན་བྱས་པས། གོང་འོག་གཉིས་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པའི་ཁར། རིམ་ཁག་འགོ་ཁྲིད་ཚོས་འཐབ་ས་དང་པོའི་འགྲིམ་འགྲུལ་ཉེན་རྟོག་པར་སེམས་ཁུར་བྱ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དེ་དང་དུས་མཚུངས་ཚེ་རིང་དབང་འདུས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་དང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས། ཅུས་ཐད་གཏོགས་ཀྱི་སྡེ་ཚན་ཁག་བཅས་དང་དེ་བཞིན་གྲོང་ཁྱེར་དང་ཆུས་མངགས་གཏོང་ཁང་གི་འགོ་ཁྲིད་རྣམས་མང་ཚོགས་ཁྲོད་སྐྱོད་དེ་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད། བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཀྱི་འགྲིམ་འགྲུལ་གྱི་ཞུ་གཏུག་དང་ལེན་བྱས་ནས་རང་ངོས་ཀྱི་ཁག་བགོས་དོ་དམ་གྱི་ལས་དོན་དང་དངོས་ཡོད་ཟུང་འབྲེལ་བྱས་ནས། སྤྱི་བདེའི་ལས་དོན་ལ་བརྟག་ཞིབ་དང་གཞི་རིམ་ལས་སྒོར་མཛུབ་ཁྲིད་བྱེད་པའི་ལས་དོན་ནན་ཏན་ངང་སྤེལ་བས་རང་ངོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་དང་ལས་ཀའི་འཇོན་ཐང་ཆེ་རུ་ཕྱིན་པ་དང་འབྲེལ་གཞི་རིམ་དུ་གནད་དོན་འཚོལ་ཞིབ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།