ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བསམ་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོ་སེམས་འགུལ་ཆེན་པོ་ཐེབས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ནི་དེང་སྐབས་ཀྱི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་གསོན་ཉམས་དོད་པའི་བརྗོད་བྱ་གཙོ་བོ་ཞིག་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མི་རྣམས་ཀྱི་སེམས་ནང་བརྟན་པོ་བཙུགས་ཏེ་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཁུངས་ཏང་ཨུད་ཀྱི་སྐོར་ཞིབ་པ་གཞོན་པ་སུང་པོ་ཡིས་སྔར་ནས་ད་བར་མི་རིགས་སྟོབས་ཆེན་ཞིག་ཡིན་ཕྱིན་ཚང་མས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྙིང་སྟོབས་ལ་སྤོབས་པ་བྱེད་ཀྱི་ཡོད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་སྙིང་སྟོབས་ཀྱི་ལྟེ་བ་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དོན་གཉེར་མཐའ་འཁྱོངས་བྱེད་པ་དང་དུས་རབས་ཀྱི་ཁྱད་ཆོས་གསར་པའི་ཐོག་གཞི་ཚུགས་ཏེ་སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་གཅིག་གྱུར་གང་ལེགས་བྱེད་པ་དང་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལ་དམ་པོར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་འགྲོ་ལམ་ཞིག་བཏོད་ཡོད། ཀྲུང་གོ་ལྟ་བུའི་དཔལ་འབྱོར་དང་རིག་གནས་བལྟོས་བཅས་ཀྱིས་རྗེས་ལུས་དང་འཕེལ་རྒྱས་དོ་སྙོམས་མིན་པའི་རྗེས་དར་རྣམ་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། རྒྱལ་གཅེས་རིང་ལུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཐོན་པ་བྱེད་དགོས་ལ་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་འཕེལ་རྒྱས་ལ་ཁ་ཕྱོགས་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་དང་ཁ་བྲལ་ཚེ་རྒྱལ་གཅེས་རིང་ལུགས་ཀྱི་བླ་སྲོག་མེད་པར་གྱུར་ནས་ཀྲུང་གོའི་འཕེལ་རྒྱས་ཆེད་བསམ་པའི་འདེགས་སྐྱོར་བྱེད་ཐབས་བྲལ་བ་དང་། རྒྱལ་གཅེས་རིང་ལུགས་དང་ཁ་བྲལ་ཚེ་སྤྱི་ཚོགས་རིང་ལུགས་ལ་མང་ཚོགས་ཀྱི་རྨང་གཞི་མེད་པར་གྱུར་ནས་ཀྲུང་གོའི་འཕེལ་རྒྱས་ཆེད་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐབས་བྲལ་ཡོད། སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཚད་མཐོའི་གཅིག་གྱུར་བྱས་ཚེ་ཀྲུང་གོའི་འཕེལ་རྒྱས་གཞི་ནས་ཇེ་བརྟན་དུ་འགྲོ་བ་དང་མདུན་ལམ་བཟང་པོ་གཏོད་ཐུབ་ཅེས་བཤད་པ་རེད།

གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚམས་མདའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་སྲི་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར“སྔོན་མའི་བསླབ་བྱ་མ་བརྗེད་པར། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར”ཐུབ་པ་བྱེད་དགོས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།