ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ2016ལོའི་ཟླ11ཚེས13ཉིན་ལྷ་སར་འཚོགས་པ་རེད།   ད་ཐེངས་ཀྱི་ཚོགས་འདུར་ཕེབས་མཁན་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན26ཡོད་པ་དང་མི36ཟུར་ཞུགས་གནང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་གཡུང་ཅུན་གྱིས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་འབུལ་རྒྱུའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་སྒྲོན་དེ་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུར་མོས་མཐུན་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན། སྐབས་བརྒྱད་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ་དང་། ལྟེ་བའི་ལས་དོན་ལ་དམིགས་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། རུལ་སུངས་བྱེད་མི་རུང་བ་དང་རུལ་སུངས་བྱེད་མི་འདོད་པའི་ཕན་འབྲས་རགས་ཙམ་ཐོན་པ། རུལ་རྒོལ་འཐབ་རྩོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་ཆགས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཐད་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་པ་བཅས་བྱུང་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འགན་ལེན་ནུས་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་རིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཏན་ཏིག་སྤེལ་བ་དེ་ཐོག་ནས་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྔ་ཕྱི་བར་གསུམ་དུ་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཏང་གི་འགོ་ཁྲིད་གཙང་བཙན་འོག་སྤེལ་ཏེ་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་སྤེལ་དགོས་པ་དང་། ངེས་པར་དུ་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ། ངེས་པར་དུ་ཏང་གི་སྒྲིག་ཡིག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུ་དང་ཀུན་སྤྱོད་ལ་བརྟེན་ནས་ཏང་སྐྱོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་གྱི་ཚད་གཞི་མཐོ་པོར་གཡོ་འགུལ་གཏན་ནས་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ། ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་ཏུ་གཏོང་རྒྱུ་ཨང་དང་པོར་བཞག་ནས་ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་དམ་འཛིན་བྱེད་དགོས་པ། ངེས་པར་དུ་སྒྲིག་ཁྲིམས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ“ལྗོན་ཤིང”དང“ནགས་ཚལ”གྱི་འབྲེལ་བ་སྟངས་འཛིན་ཡག་པོ་ཐུབ་པ་བྱས་ནས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེད་དགོས་པ། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་ནང་སྒྲིག་བཤེར་ཨུ་ལྷན་གྱི་འགན་འཁྲིའི་ངེས་གནས་འཚོལ་ཞིབ་ཐུབ་པ་བྱས་ནས་སྔ་ཕྱི་བར་གསུམ་དུ་ལས་སྒོ་གཙོ་བོའི་འགན་འཁྲི་གཙོ་བོར་དམིགས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ཆེད་འགན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་གསལ་པོར་མཚོན་ཡོད་ཅེས་བསྟན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་གསལ་སྟོན་གནང་ནས“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་ཡོད་པ་དང་དེ་ནི་ཏང་ཡོངས་ཀྱི་གཟབ་ནན་གྱི་གདམ་ག་ཞིག་དང་ལོ་རྒྱུས་ཀྱི་གཟབ་ནན་གྱི་གདམ་ག་ཞིག་ཡིན་པས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ཡོད་ལ་ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་བསམ་འདུན་ཡང་མཚོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཚད་གཞི》དང《སྲོལ་ཡིག》ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ཅེས་ནན་བཤད་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་སྤྱོད་གཙང་ཆབ་སྲིད་འཛུགས་སྐྱོང་བྱས་ནས་རུལ་སུངས་ལ་ངོ་རྒོལ་མཐར་ཕྱིན་བྱས་ཏེ་ཏང་གི་སྒྲིག་གཞི་སྐྱོན་བྲལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ལངས་ཕྱོགས་ཁ་གསལ་ཞིག་དང་མི་དམངས་ཀྱིས་དོ་ཁུར་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུ་མཐའ་འཁྱོངས་དང་རྩ་ལག་མཉམ་བཅོས་དང་ཆད་འགོག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ཐད་དར་ཆ་གསལ་སྟོན་དང་རྣམ་འགྱུར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པ་ཚོས་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་པ། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དབང་ཆ་འཁོར་སྐྱོད་ཀྱི་ལྟ་སྐུལ་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ། ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་སྤྱོད་བཟང་ངང་རུལ་རྒོལ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་རུལ་སུངས་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། བསམ་བློ་འཛུགས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རུལ་རྒོལ་གཙང་སྤེལ་གྱི་སྒྲིག་གཞིའི་ལམ་སྲོལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གཏན་འཁེལ་བའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱ་ཕྱིར་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།