དཔའ་ཤོད་རྫོང་གླ་སྐེ་ཤང་གིས་གནད་སྨིན་དབུལ་སྐྱོར་ཤེས་བྱའི་ཚོད་རྒྱུགས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤང་གི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་གནད་སྨིན་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་སྲིད་ཇུས་ཀྱི་ཆུ་ཚད་དང་འཇོན་ཐང་དངོས་སྔར་བས་ཆེ་རུ་གཏོང་ཕྱིར། ཉིན་ཤས་གོང་དཔའ་ཤོད་རྫོང་གླ་སྐེ་ཤང་གིས་ཤང་ཡོངས་ཀྱི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་40ལྷག་ལ་གནད་སྨིན་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་སྲིད་ཇུས་ཤེས་བྱའི་ཚོད་རྒྱུགས་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡིག་རྒྱུགས་བཏང་བ་བརྒྱུད་ཤང་གི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནད་སྨིན་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་གྱི་སྲིད་ཇུས་ཤེས་བྱར་གོ་བ་ལེན་པ་དང་ཁོང་དུ་ཆུད་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཐོག གནད་སྨིན་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་སྐོར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་རབ་དང་རིམ་པར་སྐུལ་འདེད་ནུས་ལྡན་བཏང་ཁར། ཤང་གི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་རུ་མིའི་འབད་བརྩོན་བརྒྱུད་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་རེད།  །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།