ད་ལོར་བོད་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ13ཡན་དབུལ་གྲོལ་ཐུབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་།  བོད་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ15ཙམ་དང་དབུལ་ཕོངས་གྲོང་ཚོ་དང་སྡེ་ཁུལ1008དབུལ་གྲོལ་བྱུང་།  དབུལ་ཕོངས་རྫོང་དང་ཆུས10དབུལ་གྲོལ་གྱི་ཆ་རྐྱེན་འཛོམས་པ་རེད།  ད་ལོ་བོད་ལྗོངས་ནས་ལྗོངས་ཡོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ13ཡན་དང་དབུལ་ཕོངས་རྫོང25དབུལ་གྲོལ་ཐུབ་པ་བྱེད་རྒྱུ་དང་།  མི་ཁྲི་ཚོ16ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཡུལ་སྤོས་དབུལ་སྐྱོར་བྱ་རྒྱུ་རེད། 

དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཆེད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཀྲུང་གོའི་ད་ལྟའི་ཚད་གཞིའི་འོག བོད་ལྗོངས་ཀྱིས་གྲོང་གསེབ་དབུལ་ཕོངས་མི་འབོར་ཚང་མ་དང་དབུལ་ཕོངས་རྫོང་ཚང་མ་དབུལ་གྲོལ་ཐུབ་པ་དང་།  ས་ཁོངས་ཡོངས་ཀྱི་དབུལ་ཕོངས་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་རེད་ཅེས་བཏོན་ཡོད། 

ན་ནིང་།  བོད་ལྗོངས་ཀྱིས་སྤྱི་ཡོངས་འགག་སྒྲོལ་ལམ་སྲོལ་འཐུས་ཚང་བཟོས་ཏེ་དབུལ་སྐྱོར་གནད་འཕིགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཐོག་རྣམ་གྲངས་དང་ཐོན་ལས།  བདེ་སྡོད།  གནས་སྤོ།  ལས་ཞུགས།  རྩལ་ནུས།  བོད་སྐྱོར་སོགས་རྣམ་པ་སྣ་ཚོགས་ཀྱི་དབུལ་སྐྱོར་བྱ་ཐབས་བརྒྱུད།  དབུལ་ཕོངས་མི་འབོར་གྱི་དབུལ་གྲོལ་གནད་དོན་ཐག་གཅོད་བྱས་པ་རེད།  སྤྱི་ལོ2016ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་ནད་གཞིའི་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིའི་རྐྱེན་པས་དབུལ་ལོག་ཐེབས་པའི་དབུལ་ཕོངས་མི་འབོར་ཁྲི6ཙམ་ལ་ཡིག་ཚགས་དང་གཱ་བཟོས་པ་རེད། 

བོད་ལྗོངས་དབུལ་ཕོངས་མི་འབོར་ནད་ཆེན་དང་གཅོང་ནད་ཀྱི་སྨན་བཅོས་འགན་སྲུང་ནུས་པ་ཆེ་རུ་གཏོང་ཆེད།  ད་ལོ་བོད་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱབ་ཚད་བརྒྱ་ཆ་བརྒྱ་ཟིན་པ་བྱེད་རྒྱུ་དང་ཆབས་ཅིག  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཆ་སྙོམས5%ཡན་མཐོ་རུ་གཏོང་རྒྱུ་དང་།  ཞིང་འབྲོག་མང་ཚོགས་སྨན་བཅོས་ལམ་ལུགས་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་ཆ་སྙོམས80%ཡན་ཟིན་ཐུབ་པ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།