ལྷ་སས་མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་བཙུགས།

136716885_15094164086271n.jpg

འདི་ནི་ཟླ10པའི་ཚེས30ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་ཀྱི་རྨང་འདིང་མཛད་སྒོ་བསྡུ་པའི་ཡུལ་དངོས་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་དེ་དེང་རབས་འཁྱག་སྦྲེལ་ལྟེ་གནས་ཀྱི་ཚད་གཞི་ལྟར་འཆར་འགོད་དང་འཛུགས་སྐྲུན་བྱས་ཡོད་ཅིང་། གཙོ་བོ་ཚད་རིམ་མཐོ་བའི་འཁྱག་མཛོད་གཉིས་དང་མཐོ་སྒང་གི་ཟས་རིགས་ལས་སྣོན་ཁུལ་གཅིག་གིས་གྲུབ་པ་ཡིན་ལ། རྒྱ་ཁྱོན་མུའུ85ཟིན། ཚོད་རྩིས་ལྟར་ན་རྣམ་གྲངས་དེ2019ལོའི་ཟླ10བར་ལེགས་འགྲུབ་འབྱུང་རྒྱུ་དང་། དེ་ལས་བོད་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་འཁྱག་སྦྲེལ་རྒྱུན་འཁོར་བྱེད་ཚད་དང་འཁྱག་ཉར་སྐྱེལ་འདྲེན་བྱེད་ཚད་ཇེ་མཐོར་གཏོང་ཐུབ། ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་གཙོ་བོ་ཡིན་པའི་ཆ་ནས། མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་ཀྱིས་ལས་གནས500ཙམ་འདོན་སྤྲོད་བྱས་ཏེ། མཐའ་སྐོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱ་རྒྱུ་རེད།  

136716885_15094164086961n.jpg

འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་ཀྱི་དཔེ་དབྱིབས་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།