​བོད་ལྗོངས་ཀྱིས་བྱ་ཐབས་སྣ་མང་བརྒྱུད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་བོད་ལྗོངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ།  བསམ་བློ་ཆབ་སྲིད་དགེ་རྒན་སོགས་མི་ཁྲི3ལྷག་ཙམ་ལས་གྲུབ་པའི་འཐབ་ཕྱོགས་དང་པོའི་སྒྲོག་འགྲེལ་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་ཚོགས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི།  རིམ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅི།  ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་བཅས་སྒྲོག་འགྲེལ་སྟོབས་ཤུགས་བཞི་བེད་སྤྱོད་ཡག་པོ་བྱས་ཏེ།  རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽  རྫོང་།  ཤང་།  གྲོ་ཚོ་བཅས་རིམ་པ་ལྔའི་སྒྲོག་འགྲེལ་མ་ལག་བཙུགས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་ཞིང་འབྲོག་ཁུལ།  ལས་ཁུངས།  སློབ་གྲྭ།  སྡེ་ཁུལ།  དམག་སྒར།  དགོན་སྡེ།  དྲ་ཚུགས་བཅས་ལ་ཁྱབ་པ་བྱས་ཡོད།   

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་པའི་ཁྲོད་སྣེ་ཁྲིད་སྒྲོག་འགྲེལ་དང་དཔེ་སྟོན་སྒྲོག་འགྲེལ་བརྒྱུད་ནས་སྐུལ་ཁྲིད་བྱས་ཏེ།  རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་དང་མི་དམངས་འཐུས་ཚོགས།  སྲིད་གཞུང་།  སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་འབྲེལ་གཏུགས་བྱེད་གནས་སུ་སྒྲོག་འགྲེལ་བྱེད་པ་དང་།  རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་འགན་འཁུར་བློ་མཐུན་གཙོ་བོས་ལས་ཁུངས་ཀྱི་གྲོང་ཚོར་བཅའ་སྡོད་བྱེད་གནས་སུ་གཅིག་འདུས་ཐོག་སྒྲོག་འགྲེལ་བྱེད་པ།  རིམ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅིས་དཔེ་སྟོན་སྒྲོག་འགྲེལ་བྱེད་པ་བཅས་དང་།  གྲོང་ཁྱེར༼ས་ཁུལ༽ཨུ་ཡོན་ལྷན་ཁང་ཁག་གི་ཧྲུའུ་ཅི་དང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི།  གཞུང་ཁོངས་ཁེ་ལས་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱིས་སྔོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས།  ས་ཆ་དེ་གའི་ལས་ཁུངས་དང་ཚན་པའི་ལས་བྱེད་དེ་བཞིན་ཉེ་འགྲམ་གྱི་མང་ཚོགས་ལ་དཔེ་སྟོན་སྒྲོག་འགྲེལ་ཧུར་ཐག་བྱས་པ་བཅས་རེད།  

ཏང་གི་ཚོགས་ཆེན་བཅུ་དགུ་པའི་གཞི་རིམ་ནས་ཡོང་བའི་འཐུས་མིས་གཞི་རིམ་དུ་ལོག་ནས་ལམ་སེང་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་ཡོད་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་ཡན་ལག་ཚོགས་པ་བརྒྱད་ལ་དབྱེ་ནས།  ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས།  ས་ཁུལ༼གྲོང་ཁྱེར༽བདུན་དུ་གོ་རིམ་ལྡན་པའི་སྒྲོག་འགྲེལ་བྱས་པ་རེད།   

རྒྱ་ཁྱབ་ཐོག་སྒྲོག་འགྲེལ་དང་གོ་རིམ་ལྡན་པའི་སྒྲོག་འགྲེལ་བྱ་རྒྱུར་འགན་སྲུང་བྱས་ཏེ།  གྲོང་ཚོར་བཅའ་སྡོད་ལས་བྱེད་པ20000ལྷག་ཙམ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ7000ཙམ།  དེ་བཞིན་བསམ་བློ་ཆབ་སྲིད་དགེ་རྒན3000ལྷག་ཙམ་སོགས་འཐབ་ཕྱོགས་དང་པོའི་སྒྲོག་འགྲེལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས།  ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན།  སློབ་གྲྭའི་དགེ་སློབ་བཅས་ལ་ཁ་ཕྱོགས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱས་པ་དང་།  ཞིང་འབྲོག་མང་ཚོགས་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ནས་བཅའ་སྡོད་སྒྲོག་འགྲེལ་དང་སྐོར་སྐྱོད་སྒྲོག་འགྲེལ།  དུད་ཚང་དུ་བསྐྱོད་པའི་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བཟུང་སྟེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཉན་ཐུབ་པ་དང་ཉན་འདོད་པ།  བློ་ལ་འཇགས་ཐུབ་པ་བཅས་བྱས་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དང་མང་ཚོགས།  མི་སེམས་བཅས་ལ་གཏིང་ཟབ་ཟུག་ཐུབ་པ་བྱས་ཡོད།

ད་དུང་དྲ་ཐོག་སྒྲོག་འགྲེལ་དང་ཕྱོགས་ཁག་གི་ཐེ་ཞུགས་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་།  ལྗོངས་ཡོངས་ཀྱི་གྲོང་ཚོ་དང་དགོན་སྡེ།  སློབ་གྲྭ  དེ་བཞིན་གཞུང་ཁོངས་ཁེ་ལས་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཁག་ཏུ་སྒྲོག་འགྲེལ་རྒྱུན་མཐུད་གཏིང་ཟབ་བྱས་ནས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་དང་བརྟན་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།