བོད་ལྗོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བར་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཤེས་པ་དང་། གོ་བ་ཡང་དག་ལེན་པ། དོན་འཁྱོལ་ཏན་ཏིག་བཅས་བྱ་རྒྱུར་སྐུལ་འདེད་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བོད་ལྗོངས་ཀྱི་ས་ཁུལ་ཁག་ཏུ་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་བྱེད་ཆེད། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐབས་ལམ་མང་པོ་བརྒྱུད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་པ་དང་། རང་རྟོགས་ངང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་སྤྱི་འདོམས་བཀོད་སྒྲིག་དང་ཇུས་འགོད་ཞིབ་ཚགས་ཀྱིས“མངོན་གསལ་དོད་པོ་གསུམ”ལ་ཤུགས་སྣོན་བརྒྱབ་ནས་ཇོ་མོ་གླང་མའི་འདབས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་བྱས་པ་སྟེ། འགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་དང་། སྡེ་ཚན་ཁག་གིས་མཉམ་འགུལ། ལས་བྱེད་མང་ཚོགས་ཀྱིས་མཉམ་འགུལ་བཅས་བྱས་ནས་ཇི་ལྟར་བཤད་རྒྱུ་འབུར་དུ་ཐོན་པར་བྱས་པ་དང་། བཀོད་སྒྲིག་ཞིབ་ཚགས་དང་། གཙོ་གནད་མངོན་གསལ་དོད་པ། བྱེད་སྟངས་གསར་གཏོད་བཅས་བྱས་ནས་ཇི་ལྟར་སློབ་སྦྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་པ། དོན་དངོས་དང་ཟུང་འབྲེལ་དང་། བསམ་ཕྱོགས་ལྷུག་པོར་གླེང་བ། འགན་འཁྲི་འཁུར་བ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་ཇི་ལྟར་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་པ། “སྙན་སྒྲོན་ལ་གཞིགས་ནས་བསམ་ཕྱོགས་གླེང·ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས”ཞེས་པ་སོགས་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་དང་། དེ་དང་ཆབས་ཅིག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། འཁྲིས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། མི་རིགས་མཐུན་སྒྲིལ་དང་སྣོད་བཅུད་ཁོར་ཡུག་སོགས་ཀྱི་དཔེ་མཚོན་བཙལ་ནས་དྲིལ་བསྒྲགས་བྱས་པ་རེད།

ཉེ་ཆར། རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གི་རུ་དཔོན་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་ཚོད་རྒྱུགས་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་རྡལ་དེས་ཆེད་མི་བཀོད་སྒྲིག་གིས་ཚོགས་ཆེན་བཅུ་དགུ་པའི་ཚོགས་འདུའི་ནང་དོན་དང་འགག་རྩའི་ཐ་སྙད་གཞིར་བཟུང་ནས་ཚོད་ལྟའི་རྒྱུགས་ཤོག་བཟོས་ཤིང་། དེའི་དམིགས་ཡུལ་ནི་ལས་བྱེད་ལས་བཟོ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་ལས་བྱེད་ལས་བཟོ་ཚང་མས་སློབ་སྦྱོང་ཡག་པོ་བྱས་ནས་ཕན་འབྲས་བཟང་པོ་ཐོན་པའི་འགན་ལེན་བྱེད་ཆེད་ཡིན་པ་རེད། དེ་དང་ཆབས་ཅིག་ལས་བྱེད་ལས་བཟོ་ཡོངས་ཀྱི་སློབ་སྦྱོང་གི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་རྒྱུར་རྨང་གཞི་བཏིང་བ་རེད།

ཟླ11པའི་ཚེས21ཉིན། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྐུལ་སློང་ཚོགས་ཆེན་འཚོགས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》 ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་ལག་བསྟར་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་གནད་བསྡུས་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཉིན་ཤས་བསྟུད་མར། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ད་དུང“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཀློག་དེབ”སྤྲོད་པ་དང་སློབ་སྦྱོང་ལྡུམ་ར་འཛུགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྦྱོང་བའི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་རེད།

ཉེ་ཆར། སྨར་ཁམས་རྫོང་མི་དམངས་དྲག་ཆས་པུས་ཡུལ་དམག་སྦྱོང་བརྡར་དང་ཟུང་འབྲེལ་གྱིས་ཡུལ་དམག་ཚོའི་སློབ་ཚན་ཐོག་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། ཁོང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱས་ནས། གཞི་རིམ་སྲིད་དབང་བརྟན་དུ་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་བྱེད་པའི་ཁྲོད་ཀྱི་རང་ངོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཀྱིས་བོད་བརྟན་ལྷིང་ཡོང་བ་དང་ཁམས་ཁུལ་བདེ་ལ་འཁོད་པའི་ལས་འགན་ལྕི་པོ་འཁུར་རྒྱུར་ཁྲིད་སྟོན་བྱས་ཤིང་། སྒྲོག་འགྲེལ་བྱེད་སྐབས་ཡུལ་དམག་གི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་དོན་དངོས་ཀྱི་དགོས་མཁོ་སོགས་དང་ཟུང་འབྲེལ་གྱིས་ནང་དོན་འོས་འཚམ་བཀོད་སྒྲིག་བྱས་ནས་གོ་སླ་བའི་སྐད་ཆས་སྒྲོག་འགྲེལ་བྱས་པ་རེད། དེ་དང་ཆབས་ཅིག་ཡུལ་དམག་ཚོ་དམངས་དམག་གཉིས་ཀ་ཡིན་པའི་ཁྱད་ཆོས་ལ་དམིགས་ནས་འཕེལ་རྒྱས་ཀྱི་མདུན་ལམ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད། དབང་ཆ་དང་འོས་འགན་བཅས་གསལ་པོར་བཤད་དེ། ཁོང་ཚོས་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་དང་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡང་དག་པའི་ཁ་ཕྱོགས་འཚོལ་ཐུབ་པ་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།