འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་《གླིང་སྒྲུང་》མྱུར་སྐྱོབ་དང་སྲུང་སྐྱོང་ཐད་ཕན་འབྲས་གལ་ཆེན་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》གི་མྱུར་སྐྱོབ་དང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་གལ་ཆེན་ཐོན་པ་དང་། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཁེར་རྐྱང་གི་སྒྲུང་གླུ་དེབ་4དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

ད་ཐེངས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་སྒྲུང་གླུ་དེབ་4ནི་《ཞེ་ཡུའི་ཁྱི་རྫོང》 《མཐིང་གི་རྨོག་རྫོང》 《བྱང་གནམ་ཁྲི་ལུག་རྫོང》 《ཁ་རོང་གསེར་རྫོང་》བཅས་ཡིན་ཞིང་། ད་བར་དེའི་ཐད་ཀྱི་རིམ་སྤེལ་དཔེ་ཚོགས་ཁག་14ལེགས་གྲུབ་ཟིན་ཡོད།

《གླིང་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་མི་སྣ་ཁེར་རྐྱང་གི་སྒྲུང་གླུའི་དཔེ་དེབ་》དེ་2009ལོར་སྤེལ་འགོ་ཚུགས་ཤིང་། དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་400ལྷག་ཙམ་ཡོད་པ་དང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྱུ་རྩལ་པ་14ཡི་ཁེར་རྐྱང་གི་སྒྲུང་གླུ་ཁག་20འཇུག་རྩིས་ཡོད་པ་རེད།

དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་ཁེར་རྐྱང་གི་སྒྲུང་གླུ་ལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་ནང་གི་ས་བཅད་མང་པོ་ལས་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཀྱི་གོམས་སྲོལ་མཚོན་པ་དང་དེ་གོང་གི་ཚད་ལྡན་ཡིག་ཆར་མེད་པའི་དམངས་སྲོལ་གྱི་དཔྱད་གཞིའི་ཡིག་རིགས་བསྡུ་འཇུག་བྱས་པ་དེ་ནི་《གླིང་སྒྲུང་》གི་ལོ་རྒྱུས་སྙན་ངག་གི་ནང་དོན་ལ་དགེ་མཚན་ལྡན་པའི་ཁ་གསབ་བྱས་པ་ཞིག་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།