བོད་ལྗོངས་ཀྱིས་རིག་ནུས་ཁྲིམས་ཁང་བསྐྲུན་པ་དེས་ཞིང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཀྱི་སྟབས་བདེའི་ཞབས་ཞུ་མཁོ་འདོན་ཐུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རིག་ནུས་ཁྲིམས་ཁང་ཞེས་པ་བསྐྲུན་ཟིན་པ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྟབས་བདེའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་ཐུབ་རྒྱུ་རེད། 

ཞིང་འབྲོག་མང་ཚོགས་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེའི་ཐོག་ནས་གཏུགས་བཤེར་བྱེད་པའི་ཁེ་དབང་འགན་སྲུང་ཏན་ཏིག་བྱ་ཆེད།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་བོད་ལྗོངས་སློབ་ཆེན་ནས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་བོད་ཡིག་གི་འདྲི་གཅོད་རམ་འདེགས་ཡིག་བསྒྱུར་མ་ལག་དེས།  ཡང་དག་ཚད70%ཐོག་ནས་གཞུང་ཡིག་སྡེབ་གཅིག་ལ་ཡིག་བསྒྱུར་བྱེད་ཐུབ་པ་དང་རྗེས་སུ་མ་ལག་དེར་མུ་མཐུད་རིམ་སྤོར་བྱས་ནས་ཡིག་བསྒྱུར་ཡང་དག་ཚད་མཐོ་རུ་གཏོང་རྒྱུ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ཤས་རིང་ཆ་འཕྲིན་འཛུགས་སྐྲུན་བྱས་པ་བརྒྱུད་སྤྱི་ལོ2018ལོའི་ཟླ་བཅུ་པ་བར་རང་ལྗོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་ཆུ་ཚད་མཐོ་རུ་ཤུགས་ཆེ་བཏང་ནས།  ལྗོངས་ཡོངས་སུ་ཚན་རྩལ་ཁྲིམས་ཁང157བསྐྲུན་ཟིན་པ་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།  གྲོང་ཁྱེར(ས་ཁུལ)བདུན་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་།  རྫོང(ཆུས)74ཡི་མི་དམངས་ཁྲིམས་ཁང་དང་ཤང་གྲོང་རྡལ་ཁག་ཅིག་གི་ཁྲིམས་ཁང་བཅས་ལ་བརྙན་ལམ་ཚོགས་འདུ་དང་ཁྲིམས་གཏུགས་འདྲི་གཅོད་ཐད་གཏོང་སོགས་ཀྱི་ལྟེ་བའི་ལས་སྒོ་ཕྱོགས་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།