ཆབ་མདོར“སྐད་རིགས་གཉིས”ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག1142ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་བོད་རྒྱ་སྐད་གཉིས་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་ཁྲི1.4ལྷག་ཙམ་བྱས་པར་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི80ལྷག་ཙམ་ཟིན་པ་དང་། ཆེད་དོན་འཆད་ཁྲིད་སློབ་སྦྱོང་ཚོགས་འདུ་ཐེངས9000འཚོགས་པ། དྲིལ་བསྒྲགས་དཔྱད་གཞི་ཁྲི7ལྷག་ཙམ་སྤྲད་པ། ཆེད་བསྒྲིགས་ལེ་ཚན་དུས་ཐེངས2000བཏོན་པ་རེད།

གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། ཐོན་སྐྱེད་སྐོར་གླེང་བ། འགྱུར་ལྡོག་གླེང་བ། འབྱུང་འགྱུར་ཤོད་པ་བཅས་བྱས་ཏེ་མང་ཚོགས་དང་ཉེ་བཅར་གྱི་སྒོ་ནས་འབྲེལ་འདྲིས་བྱས་ཤིང་ངོ་འཕྲད་གདོང་ཐུག་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་རྟོགས་ཐུབ་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་པ་རེད། དུས་མཚུངས་སུ་སྒྲོག་འགྲེལ་གྱི་ཕན་འབྲས་ཡག་པོ་མེད་པ་དང་། སྤུས་ཚད་མཐོ་པོ་མེད་པ། ནང་དོན་ཆ་མི་ཚང་བ་བཅས་ཀྱི་གནད་དོན་ཐད་ལྟ་སྐུལ་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་ལ་བརྟེན་ནས་ཕན་འབྲས་ལ་སྐུལ་འདེད་གཏོང་བའི་ནུས་པ་བཏོན་ཏེ་གནད་དོན་ལ་རྒྱུན་མཐུད་ངང་རྗེས་འདེད་བཏང་ཞིང་། རྟོགས་སླ་བ་དང་། སྤྱི་དམངས་ཅན། སྤེལ་རེས་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ཀྱིས་རྣ་བར་འབབ་པ་དང་ངེས་ཐུབ་པའི་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།