བོད་ལྗོངས་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱ་འགུལ་སྤེལ་བ།

137997705_15558999869031n.jpg

འདི་ནི་ཟླ4བའི་ཚེས21ཉིན་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་བྱིས་པའི་བོད་ཀྱི་ཟློས་གར་གསོ་སྦྱོང་འཛིན་གྲྭའི་བྱིས་པ་རྣམས་ཀྱིས་ཟློས་གར་གི་གཞས་གདངས་འཁྲབ་སྟོན་ བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། བོད་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཡོང་བའི་ཀློག་པ་པོ་རྣམས་བོད་ལྗོངས་དཔེ་མཛོད་ཁང་དུ་ལྷན་འཛོམས་བྱུང་ནས། སྒྲུང་གཏམ་བཤད་པ་དང་། གསུང་རབ་གྱེར་འདོན། དཔེ་ཀློག་གི་མྱོང་ཚོར་གླེང་བ་བཅས་བྱས་ནས་མཉམ་དུ་འཛམ་གླིང་གི་དཔེ་ཀློག་ཉིན་མོར་བསུ་བཞིན་ཡོད། 

137997705_15558999869341n.jpg

འདི་ནི་ཟླ4པའི་ཚེས21ཉིན་གྲོགས་པོ་ཆུང་ཆུང་འཆི་མེད་དབྱངས་ཅན་གྱིས་གཏམ་རྒྱུད་བཤད་བཞིན་པའི་ཚུལ་རེད།

137997705_15558999869661n.jpg

འདི་ནི་ཟླ4བའི་ཚེས21ཉིན། བོད་ལྗོངས་དབྱིན་ཡིག་གླེང་སྟེགས་ཀྱི་དང་བླངས་པ་ཚེ་རིང་ཡོན་ཏན་དང་ཚེ་བརྟན་རྡོ་རྗེ་གཉིས་ཀྱིས་དབྱིན་ཡིག་གི་སྙན་ངག་གྱེར་འདོན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།