དངོས་ལྗོངས་ཟློས་གར་ཆེན་མོ《འུན་ཤིང་ཀོང་ཇོ》ཡི་འཁྲབ་སྟོན་བྱེད་ཐེངས་ཆིག་སྟོང་ལས་བརྒལ་བ།

137997704_15558997685581n.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན་གྱི་དགོང་མོར། དངོས་ལྗོངས་ཟློས་གར་ཆེན་མོ《འུན་ཤིང་ཀོང་ཇོ》ཡི་སྐབས་བདུན་པའི་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་དུ་འཁྲབ་འགོ་བརྩམས་ཤིང་།  2013ལོར་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཐོག་མར་འཁྲབ་སྟོན་བྱས་པ་ནས་ད་ལྟའི་བར་དུ་འཁྲབ་སྟོན་བྱེད་ཐེངས་ཆིག་སྟོང་ལས་བརྒལ་བ་དང་།  གཟིགས་མོ་བ་མི་ཐེངས་ཁྲི210སྣེ་ལེན་བྱས་ཏེ་བསྡོམས་པས་ཡོང་སྒོ་སྒོར་དུང་ཕྱུར7.7སྐྲུན་ཡོད།

《འུན་ཤིང་ཀོང་ཇོ》ནི་ཡུས་ཧྲང་ཧི་མེ་སྡེ་ཚོགས་ཀྱིས་རྩོམ་སྒྲིག་བྱས་ཤིང་། ལོ1300སྔོན་གྱི་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཉེན་སྒྲིག་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་ཡོད།  ཟློས་གར་དེ་འཁྲབ་ཚན་ལྔ་ལ་དབྱེ་ཡོད་པ་དང་། དུས་ཡུན་སྐར་མ90ཙམ་ཡོད། 2018ལོར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཐེངས187བྱས་ཏེ་གནས་སྐོར་བ་མི་ཐེངས་ཁྲི50ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་དུང་ཕྱུར1.5ལས་བརྒལ་ནས་ས་གནས་དེའི་རོང་འབྲོག་པ་མང་པོ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།