སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོས་བོད་ལྗོངས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་འཆད་འཁྲིད་ཁང་དུ་རྒན་ཡོལ་ཞུས་པའི་དགེ་རྒན་ལྷག་པས་འཆད་འཁྲིད་གནང་བཞིན་ཡོད།  རྒན་ལྷག་པ་ལགས་ནས་ཤེས་དཔལ་ལ་སྣང་ཆེན་དང་འཚོ་བར་དགའ་ཞེན་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ།  སློབ་མའི་ལྟ་ཕྱོགས་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་རྒྱས་བཤད་གནང་བ་མ་ཟད།  ཕྲུ་གུ་ཚོར་གང་འདྲ་བྱས་ཏེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་སློབ་སྦྱོང་དང་འཚོ་བའི་ཁྲོད་ལག་ལེན་བསྟར་དགོས་མིན་ཐད་ལའང་ཁྲིད་སྟོན་གནང་བ་དང་།  འཛིན་གྲྭ་ཁག་ནས་ཡོང་བའི་སློབ་མ་ལྔ་བཅུ་ལྷག་ཙམ་གྱིས་ནན་ཏན་ངང་འཆད་འཁྲིད་ཉན་པ་དང་ཟིན་བྲིས་བརྒྱབ་ཡོད།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སློབ་གྲྭའི་ནང་སྤེལ་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་ནང་ཟུག་པར་བྱས་ཡོད་པས།  སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་དང་སློབ་ཚན་འཛུགས་སྐྱོང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད།

དུས་ཡུན་རིང་པོའི་ནང་།  ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལས་ཀར་མཐོང་ཆེན་བྱས་ཡོད་པ་དང་།  ན་ནིང་ལོ་གཅིག་ནང་།  མའོ་ཙེ་ཏུང་གི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་རགས་བསྡུས་ཞེས་པའི་སློབ་ཚན་གཙོ་གནད་དུ་བྱས་པའི་དགེ་རྒན་གྲགས་ཅན་གྱི་དཔེ་སྟོན་སློབ་ཚན26སྒྲིག་འཛུགས་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ།  སློབ་ཚན་དང་སློབ་འཁྲིད་དཔྱད་གཞི།  བསམ་བློ།  དྲ་ཐོག་བཅས་ནང་ཁྱབ་པ་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་ཡོད་པ་དང་།  མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔའི་སློབ་གཞིའི་རིག་ཚན་ཞིབ་འཇུག་སྒྲིག་འཛུགས་བྱས་ཏེ།  མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔའི་རིག་ཚན་ཞིབ་འཇུག་སྙན་ཞུ་དང་སློབ་གསོའི་འཆད་འཁྲིད་དང་རིག་གཞུང་རྩོམ་ཡིག་རབ་དང་རིམ་པ་གྲུབ་ནས།  རྒྱལ་ནང་གི་རིག་གཞུང་དྲ་ཚིགས་མང་པོར་བརྒྱུད་སྤེལ་བྱས་པས་གཞི་རིམ་གྱི་ཏང་རྩ་འཛུགས་མང་པོའི་སློབ་སྦྱོང་གི་ནང་དོན་གཙོ་བོར་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།