ལྷ་ས་འགག་སྒོའི་འགག་སྒྲོལ་དུས་ཡུན་སླར་ཡང་ཐུང་དུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་གསལ། 2019ལོའི་ཟླ་དང་པོ་ནས་དྲུག་པའི་བར་ལྷ་ས་འགག་སྒོའི་ནང་འདྲེན་གྱི་སྤྱི་ཡོངས་ཀྱི་འགག་སྒྲོལ་དུས་ཡུན་ཆུ་ཚོད4.29ཡིན་པ་དང་། ཕྱིར་གཏོང་གི་སྤྱི་ཡོངས་ཀྱི་འགག་སྒྲོལ་དུས་ཡུན་ཆུ་ཚོད0.33ཡིན་པ་དེ་དུས་ཚིགས་དང་པོའི་རྨང་གཞིའི་ཐོག་ཆུ་ཚོད0.69དང་ཆུ་ཚོད0.01སོ་སོར་ཐུང་དུ་ཕྱིན་ཡོད་པ་རེད། དེའི་ནང་ཟླ་དྲུག་པའི་ནང་འདྲེན་གྱི་འགག་སྒྲོལ་ཆ་སྙོམས་དུས་ཡུན་ཆུ་ཚོད4.16ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཡུན་ལས་ཆུ་ཚོད38.22ཐུང་དུ་ཕྱིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཡུན་ལས་ཆུ་ཚོད3.78ཐུང་དུ་ཕྱིན་པ་དེ་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒྲོལ་དུས་ཡུན་ཐུང་དུ་ཕྱིན་པའི་ཕན་འབྲས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།