མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-14 09:38

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ནུས་ཤུགས་ལྡན་པའི་བྱ་ཐབས་སྤྱད་ནས་མུ་མཐུད་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་།ཏང་དང་མང་ཚོགས་བར་གྱི་འབྲེལ་འདྲིས་དམ་པོ་བྱས་པ་རེད།

རྫོང་དེ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་དང་ཁུལ་གྱི་ལག་བསྟར་བྱ་ཐབས་ལག་བསྟར་ཏན་ཏིག་བྱས་ཤིང་།རྫོང་ཨུས་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཅུས་ཀྱིས་གཙོ་བོར་གྲུབ་པའི་སྒྲིག་ཁྲིམས་ནན་ཏན་དང་སྤྱོད་ཚུལ་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ།རྫོང་ཡོངས་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་དག་ཐེར་གཏོང་བའི་ལས་འགན་འཁུར་བ་རེད།

ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཡིག་ཆའི་དགོངས་དོན་ལྟར།རྫོང་དེའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་ཤིང་རྫོང་ཨུར་སྙན་སེང་བཀའ་འཁྲོལ་ཞུས་ནས་དུས་ཐོག་ཏུ་《སེམས་ཀྱི་ཉི་ཟླའི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་ཞིང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ལག་བསྟར་བྱ་ཐབས》་བཏོན་ནས།བརྟག་དཔྱད་ཞིབ་འཇུག་དང་ཚོགས་འདུ་འཚོག་སྲོལ།གསར་འགྱུར་འགོད་པ།སྲིད་གཙང་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ཁྲིམས།ཏན་འབེབས་ལག་བསྟར་སོགས་ཕྱོགས་བདུན་གྱི་ཐད་ནས་ཞིབ་ཕྲའི་ནང་དོན་ཁག་18གཏན་འབེབས་བྱས་པ་རེད།

རྫོང་རིམ་པའི་འགོ་ཁྲིད་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་ཞིང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ལས་ཀར་གྲུབ་འབྲས་ཐོན་པའི་ཆེད་དུ།རྫོང་དེའི་ན་ནིང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལོའི་བྱེད་སྒོའི་རྨང་གཞིའི་ཐོག ད་ལོ་ནི་རྫོང་ཡོངས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་སྲ་བརྟན་དང་མཐོར་གཏོང་ལོར་གཏན་འབེབས་བྱས་ཤིང་། རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཅུས་ཀྱིས་《སེམས་ཀྱི་ཉི་ཟླ་རྫོང་ཨུས་རྫོང་ཡོངས་སུ་སྤྱོད་ཚུལ་འཛུགས་སྐྱོང་སྲ་བརྟན་དང་མཐོར་གཏོང་ལོའི་བྱེད་སྒོའི་ལག་བསྟར་བསམ་འཆར》གཏན་འབེབས་དང་གཤམ་ལ་འགྲེམས་ཤིང་།སྤྱོད་ཚུལ་འཛུགས་སྐྱོང་སྲ་བརྟན་དང་མཐོར་གཏོང་ལོའི་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་བཙུགས་ཏེ།ལོ་ནང་དུ་རྫོང་ཡོངས་སུ་སྤྱོད་ཚུལ་འཛུགས་སྐྱོང་གི་ཆད་གཉེར་ལྟ་སྐུལ་ཞིབ་བཤེར་ཐེངས་2བྱས་པ་རེད།

ལོ་འགོར།རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་11དང་།རྫོང་གི་ཐད་གཏོགས་ཏང་དང་མང་ཚོགས་སྡེ་ཁག་18 སྲིད་གཞུང་གི་སྡེ་ཁག་56་དང་རྫོང་ཁོངས་གཏོགས་ཁེ་ལས་2དང་།རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ལ་《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་འགན་འཁྲིའི་ཡི་གེ》བཀོད་ནས།རིམ་པ་བཞིན་དམིགས་ཡུལ་ལས་འགན་ཞིབ་ཕྲར་བགོས་པ་དང་ལས་འགན་གྱི་ཞིབ་བཤེར་དམིགས་ཚད་ཞིབ་ཕྲར་བཟོས་པ་རེད།གཞན་ཡང་།རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་འགོ་ཁྲིད་ལས་བྱེད་པའི་ལས་འགན་བཞག་པའི་རྩིས་སྤྲོད་ལེན་ལས་ཀ་ཚད་ལྡན་དུ་གཏོང་བའི་ཆེད་དུ།རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཅུས་ཀྱིས་《སེམས་ཀྱི་ཉི་ཟླ་རྫོང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལས་འགན་བཞག་པའི་རྩིས་སྤྲོད་ལེན་བྱ་ཐབས(ཚོད་ལྟ་བྱེད་པ)》གཏན་འབེབས་དང་སྙན་སེང་བཀའ་འཁྲོལ་ཞུས་ནས་གཤམ་ལ་འགྲེམས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག