མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-29 11:23


ཚེས18ཉིན།ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི“8.28”དང་“8.31”ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་གྲོས་ཚོགས་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་འཚོགས་པ།

ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧིང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་བ།(ཧོ་ཆི་ཀོང་གིས་པར་བླངས།)

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས18ཉིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི“8.28”དང་“8.31”ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་གྲོས་ཚོགས་སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་འཚོགས། གྲོས་ཚོགས་ཀྱིས་ནན་གྱིས་གསུངས་དོན། སླར་གསོ་བསྐྱར་སྐྲུན་ལས་ཀ་དེ་གནོད་ཐེབས་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གལ་ཆེའི་གོ་སྐབས་སུ་བརྩིས་ནས་ཡུལ་མིའི་སྡོད་ཁང་གི་སླར་གསོ་བསྐྱར་སྐྲུན་དང་དམངས་འཚོའི་འགན་ལེན་ལེགས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནོད་འགོག་དང་གནོད་སྐྱོན་ཉུང་གཏོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་དོ་དམ་འཛུགས་སྐྲུན་བཅས་ལས་གྲྭ་ཆེན་མོ་ལྔ་ཡག་པོར་གཉེར་ནས། ཡག་ཅིང་མགྱོགས་པའི་ངང་སླར་གསོ་བསྐྱར་སྐྲུན་ལས་འགན་ཡོངས་སུ་གྲུབ་སྟེ།ཧུར་ཐག་གིས་སྐྱེ་ཁམས་མཛེས་ཤིང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧིང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་བ།ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དབྱིན་ཅན་ཡེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཀྱིས་བཏོན་དོན།ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པའི་འོག་གཅིག་གྱི་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ཡོམ་འགོག་རྒུད་སྐྱོབ་ལས་ཀ་དེ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྒྲུབ་པར་ཁག་ཐེག་ཏན་ཏིག་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་། ཤང་དང་གྲོང་སྡེ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག གནོད་ཐེབས་ས་ཁུལ་གྱི་མི་སེམས་བདེ་ཞིང་སྤྱི་ཚོགས་བརྟན་ལྷིང་ཡིན་ལ། ཡུལ་མིའི་ཐོན་སྐྱེད་འཚོ་བའི་རྒྱུན་ལྡན་གྱི་གོ་རིམ་གཞི་རྩའི་ཐོག་སླར་གསོ་བྱས་ཡོད་པ་དང་།ཡོམ་འགོ་རྒུད་སྐྱོབ་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པས།མགྱོ གས་མྱུར་གྱིས་སླར་གསོ་བསྐྱར་སྐྲུན་ལས་ཀ་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཞག་ཡོད།

ལི་ཅི་ཧིང་གིས་ནན་གྱིས་གསུངས་དོན། གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་དེ་ལས་སླ་སྟབས་བདེའི་སླར་གསོ་ཞིག་མིན་ཞིང་། མཐོར་འདེགས་ཅུང་ཙམ་ཡོད་དགོས་ཤིང་།གོ་སྐབས་དམ་འཛིན་བྱེད་དགོས་པ་དང་དེ་བས་ཡག་པའི་ངང་གནོད་ཐེབས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།མིག་སྔར།ཕྱོགས་ལྔའི་ཐད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས།གཅིག་ནི་མི་གཞི་རྩར་འཛིན་ནས་ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས།གཉིས་ནི་དམངས་འཚོ་སྔོན་ཐོབ་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཡུལ་མིའི་སྡོད་ཁང་གི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཡོངས་སུ་འགྲུབ་པར་འབད་བརྩོན་བྱེད་དགོས།གསུམ་ནི་རིགས་དབྱེ་ནས་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྤྱི་པའི་སྒྲིག་ཆས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀར་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་ཡག་པོ་སྒྲུབ་དགོས། བཞི་ནི་ཁྱད་ཆོས་འབུར་དུ་ཐོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གནས་བབ་བཟང་བའི་ཐོན་ལས་ཀྱི་འཛུགས་སྐྲུན་ལ་དམ་འཛིན་གང་ལེགས་བྱེད་དགོས།ལྔ་ནི་ཕུགས་ཡུན་ལ་དམིགས་ནས་གནོད་ཐེབས་ས་ཁུལ་གྱི་རྒྱུན་བསྲིང་ཐུབ་པའི་འཕེལ་རྒྱས་ནུས་ཤུགས་མཐོ་རུ་གཏོང་དགོས།

ལི་ཅི་ཧིང་གིས་རེ་བ་བཏོན་དོན།རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་ལས་འགན་གཙོ་བོ་དེ་སླར་གསོ་བསྐྱར་སྐྲུན་དུ་སྤོ་སྒྱུར་བྱེད་དགོས་ཤིང་། འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལས་གཞི་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། དངོས་ཟོག་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།མ་དངུལ་གྲབས་གསོག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་ཇུས་ལག་བསྟར་བྱེད་རྒྱུར་ཤུགས་ནོན་རྒྱག་པ་བཅས་བྱེད་དགོས་པ་དང། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སླར་གསོ་བསྐྱར་སྐྲུན་ལས་འགན་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་གལ་ཆེའི་རྟེན་བྱེད་དུ་འཛིན་ཏེ།ལས་ཀ་ཏན་ཏིག་སྒྲུབ་པ་དང་། སླར་གསོ་བསྐྱར་སྐྲུན་ལས་འགན་ཡོངས་སུ་འགྲུབ་ཐབས་བྱས་ཏེ་དངོས་ཐོག་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་མང་ཚོགས་ཀྱི་ཁྲོད་དུ་སྐྱེལ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་ངེས་པར་དུ་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧིང་གི་མཛུབ་སྟོན་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། དངོས་ཡོད་དང་ཟུང་འབྲེལ་བྱེད་པ་དང་ཡིད་ཆེས་བརྟན་པོ།སེམས་ཤུགས་གཅིག་འགྲིལ་བྱས་ནས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སྤྲད་པའི་སླར་གསོ་བསྐྱར་སྐྲུན་ལས་འགན་ཡོངས་སུ་གྲུབ་པར་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་དང་གཞུང་ལས་ཐིང་གི་ཀྲུའུ་རེན་ལི་དབྱི་ཧྥེ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་གཞོན་པ་དབྱང་པིན་གྲོས་ཚོགས་སུ་ཕེབས་པ།

ཧོང་ཀྲེང་ཧུང་དང་མ་ཝུན་ལུང་། ལི་ཚང་ཀོང་། ཏུའུ་ཡུང་ཁྲུན་སོགས་རང་ཁུལ་གྱི་འགོ་ཁྲིད་གྲོས་ཚོགས་སུ་ཕེབས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག