མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་གྱིས་རྒྱུད་རིམ་ལྡན་པའི་ལྐུགས་བརྡའི་སྦྱོང་བརྡར་སྤེལ་ནས་མཇུག་རྫོགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-29 11:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས23ཉིན། ཉིན15རིང་གི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་གྱིས་རྒྱུད་རིམ་ལྡན་པའི་ལྐུགས་བརྡའི་སྦྱོང་བརྡར་སྤེལ་ནས་མཇུག་རྫོགས། སྦྱོང་བརྡར་སྐབས་སུ་ཡུན་ནན་ཞིང་ཆེན་ཧྭ་ཞ་འབྲིང་རིམ་ཆེད་ལས་སློབ་གྲྭའི་ལྐུགས་བརྡའི་ཆེད་ལས་ཀྱི་དགེ་རྒན་གདན་ཞུ་བྱས་ནས་སློབ་ཁྲིད་བྱས་པ་དང་། ནང་དོན་ལ་ལྐུགས་བརྡའི་ལོ་ཙཱ་ལས་རིགས་ཀུན་སྤྱོད་དང་ལས་རིགས་བསྲུང་བྱ་ནས་ལྐུགས་བརྡའི་རྨང་གཞིའི་ཤེས་བྱ་དང་ལྐུགས་བརྡའི་ལོ་ཙཱའི་རྩ་བའི་བླང་བྱ་ལ་དམིགས་ནས་མགོ་བརྩམས་ཏེ། མཛུབ་སྟོན་ནས་ལག་བརྡ་སྟོན་པ་དང་། མིང་ཚིག་ནས་ཐ་སྙད། ཚིག་གྲུབ་ནས་རྩོམ་ཐུང་སོགས་སླ་མོ་ནས་དཀའ་མོའི་ཕྱོགས་སུ་རྒྱུད་རིམ་ལྡན་པར་སློབ་ཁྲིད་བྱས་ནས། དབང་བོ་སྐྱོན་ཅན་སྡེ་ཁག་གི་ལས་བཟོ་བའི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་སྦྱོང་བརྡར་བྱས་རྗེས། མཇུག་འབྲས་རྒྱུགས་སྤྲོད་ཚད་ལོན་པ་ལ་ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁོངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་རིམ་པ་ལྔའི་ལྐུགས་བརྡའི་ལོ་ཙཱ་བའི་ཐོབ་ཐང་དཔང་ཡིག་སྟེར་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག