མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྐབས་བརྒྱད་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དཀར་མཛེས་ཁུལ་ནས་བསྡུ་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-29 11:25

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས23ཉིན་གྱི་ཕྱི་དྲོར།   དུས་ཡུན་ཉིན་ལྔ་རིང་གི་སྐབས་བདུན་པའི་ཡུན་ནན་དང་བོད་ལྗོངས།  སི་ཁྲོན།  མཚོ་སྔོན་དང་འབྲེལ་བའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་མཇུག་སྒྲིལ།

 ཐེངས་འདིའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སུ་རང་སྐྱོང་ཁུལ་དང་ས་གནས་བཞིའི་ཐང་ཆེན་དང་ཆེད་དོན་རིག་རྩལ་འཁྲབ་སྟོན།  གྱོན་ཆས་འགྲེམ་སྟོན། དམངས་ཁྲོད་ལུས་རྩལ་འགྲན་བསྡུར།  ཆབ་མདོ་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན།  དཔེ་ཆ་དང་པར་རིས་འགྲེམ་སྟོན། གནས་སྐོར་བགྲོ་གླེང་།  ཉོ་འཚོང་འགྲེམ་ཚོང་།  ཉོ་འཚོང་ངོ་འཕྲད་གྲོས་མོལ་སོགས་བྱ་འགུལ་སྤེལ་བ་དང་།  དེ་ལས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས།  མཚོ་སྔོན་ཡུས་ཧྲུའུ་དང་ཡུན་ནན་བདེ་ཆེན་སོགས་ས་ཁུལ་གྱི་ཁམས་པའི་རིག་གནས་སྒྱུ་རྩལ་དང་བྱ་གཞག་སོ་སོ་ལས་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་མངོམ་པ་རེད། 

ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་བརྗེ་ལེན་མཛད་སྒོ་སྟེང་།  ཆབ་མདོ་ས་ཁུལ་གྱི་འགོ་ཁྲིད་པས་བཀྲ་ཤིས་འཆམ་མཐུན་མཚོན་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་ཐེངས་རྗེས་མ་སྤེལ་མཁན་སི་ཁྲོན་དཀར་མཛེས་ཁུལ་གྱི་འགོ་ཁྲིད་ཀྱི་ལག་ཏུ་སྤྲད་པ་དང་།  སྐབས་བརྒྱད་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན2015ལོར་སི་ཁྲོན་དཀར་མཛེས་ཁུལ་དུ་བསྡུ་རྒྱུ་རེད།

བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།་ཁུལ་ཏང་ཨུའི་དྲུང་ཡིག་ཆེན་མོ་ལིའུ་ཅ་ཞོན་དང་།  བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུང་ཐའོ་བཅས་དང་ཆབ་མདོ་དང་དཀར་མཛེས།  ཡུས་ཧྲུའུ་ནས་ཐོན་པའི་འཐུས་ཚབ་ཚོགས་པ་དང་སྐུ་མགྲོན་རྣམས་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོར་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག