མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལའོ་ཀྲིན་ཧྥུ་བདེ་ཆེན་ཁུལ་དུ་སོང་སྟེ་གནོད་ཐེབས་མང་ཚོགས་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-29 10:24

ལའོ་ཀྲིན་ཧྥུས་སེམས་ཀྱི་ཉི་ཟླ་རྫོང་ནེ་ཞི་ཤང་བདེ་སྐྱིད་སྡེ་བ་རུ་སོང་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པའི་ཚུལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས26ཉིན།  ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལའོ་ཀྲིན་ཧྥུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་འགུལ་གནོད་ཐེབས་ས་ཁུལ་དང་རྡོ་མཁར་གནའ་རྫོང་དུ་སོང་སྟེ།  གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་།  གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཞུས།  ཁོང་གིས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ཡིད་ལ་དམ་པོར་བཅིངས་དགོས་པ་དང་།  ནུས་ཤུགས་ཡོད་ཚད་ཀྱིས་དངོས་ཟིག་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་པ།  བདེ་འཇགས་ལྟ་ཞིབ་ལ་ཤུགས་སྣོན་དགོས་པ།  ནན་ཏན་སྒོས་འགལ་ཟླ་སྣ་ཚོགས་སེལ་རོགས་བྱེད་པ་སོགས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་འགན་སྲུང་བྱས་པ་བརྒྱུད།  བདེ་ཆེན་ཁུལ་ནི་རྒྱལ་ཡོངས་བོད་ཁུལ་དུ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ས་ཁུལ་དང་དུས་ཡུན་རིང་བོའི་བདེ་འཇགས་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་དགོས་པར་བསྟན།

ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཁྲའེ་ཀྲུ་མིན་དང་བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཀྲུན་ཧོན།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏའོ་ཡོན་ཁྲོན།  ཁུལ་ཏང་ཨུའི་རྒྱུན་ཨུའམ།  སེམས་ཀྱི་ཉི་ཟླ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་སོགས་འགོ་ཁྲིད་དག་འཚམས་འདྲི་བྱེད་པར་འགྲོ་རོགས་བྱས་པ་མ་ཟད།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁོ་ཚོའི་བདེ་ཞིང་སྐྱིད་པའི་དུས་ཆེན་རོལ་དགོས་པའི་བླང་བྱ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག