མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-29 10:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཁུན་མིང་ཧའེ་ཀེང་ཚོགས་ཁང་ནས་གཟབ་རྒྱས་ངང་འཚོགས། ཚོགས་ཆེན་གྱིས་རང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་དམ་པོར་དམིགས་ནས་བློ་འདོན་ཇུས་འདོན་བྱས་ཤིང་ཤེས་རབ་ཀྱི་ནུས་ཤུགས་གོང་བུ་འགྲིལ་བ་རེད།

འགོ་ཚུགས་ཚོགས་ཆེན་ཐོག་ཨུ་ཡོན644ཡོང་དགོས་ལ། མི594དངོས་སུ་འབྱོར་ཡོད་དེ། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལའོ་ཀྲེང་ཧྥུའུ་དང་། རྒྱུན་ལས་ཀྲུའུ་ཞི་གཞོན་པ་པའེ་ཁྲེང་ལིའང་། ཀྲུའུ་ཞི་གཞོན་པ་མ་ཁའེ་ཞན། ཙེང་ཧྭ། ལའོ་ལི་ཧུའེ། ཉི་ཧུའེ་ཧྥང་། སྨི་ཏུང་ཧྲེང་། ཝང་ཁྲེང་ཚའེ། ཡུས་ཏིང་ཁྲེང་། དྲུང་ཡིག་ཆེན་མོ་ཁྲེ་ཀྲི་རྨིན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།

ཆིན་ཀོང་རུང་དང་། ལི་ཅི་ཧེང་། ཆིའུ་ཧོ། ཝང་ཞུའེ་རེན། ལི་ཅང་། ཀྲང་ཐན་ཞིན། ཧོང་དབྱི། མེང་སུའུ་ཐིའེ། ཚའོ་ཅན་ཧྥང་། ཞིན་ཝེ་ཀོང་། ཀྲའོ་ཅིན། ལི་ཕེ། ལི་ཧན་པའེ། ཁུང་ཁྲུའེ་ཀྲུའུ། དབྱང་ཡིང་ནན། ཀྲང་པའེ་རུའུ། ཏའོ་ལིན་དབྱིན། ཝང་ཧྲུའུ་ཧྥུན། ཀའོ་ཧྥེང་། ཧོ་ཏུན་ཆི། ཏིང་ཧྲའོ་ཞང་། ཀའོ་ཧྲུའུ་ཞུའེ། ལིའུ་ཧུའེ་ཡན། ཧྲེན་ཕེ་ཕིང་། དབྱིན་ཅན་ཡེ། ལིའུ་ཕིང་། ཀྲང་ཞུའེ་ཆུན། ཝང་ཐན་ཧེ། ཆའོ་ཧན་རུང་། ཀྲའོ་ཅིན་སུང་། ལི་ཧུང་ཅུན། ཀྲང་ཀུའེ་པའེ་བཅས་འགོ་ཁྲིད་བློ་མཐུན་རྣམས་ཚོགས་འདུར་ཕེབས་ནས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཤིང་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།

པའེ་ཁྲེང་ལིའང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ།

ཚོགས་འདུས་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ལའོ་ཀྲེང་ཧྥུའུ་ཡིས་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

ལའོ་ཀྲེང་ཧྥུའུ་ཡིས་འདས་ཟིན་པའི་ལོ་གཅིག་གི་ཚུན་དུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏན་ཏིག་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ་དང་། གཏིང་ཟབ་ངང་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་ཏན་ཏིག་གིས་མང་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ། ཨུ་ཡོན་རྣམས་ཀྱི་བསམ་བློ་སྔར་ལས་ལྷག་པར་གཅིག་འགྱུར་བྱས་པ་དང་། ལས་ཁུངས་ཀྱི་སྤྱོད་ཚུལ་དངོས་སུ་སྒྱུར་བ། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དེ་བས་དམ་པོར་གྱུར་བ། ནུས་པ་ལྡན་པའི་ངང་འགན་ནུས་འགྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པའི་ཆེད་དུ་རྨང་གཞི་བརྟན་པོ་འདིང་ཡོད། གཅིག་ནས་ཤུགས་བཏོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ལ་བརྟེན་ནས་བསམ་བློ་གཅིག་འགྱུར་བྱས་ཏེ་རྒྱ་ཆེ་བའི་ངང་བཅོས་བསྒྱུར་གྱི་ཐུན་མོང་ཤེས་རྟོགས་གོང་བུར་འགྲིལ་བ། གཉིས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བླང་བྱ་ལ་ནན་པོར་གཞིགས་ནས་ལས་ཀའི་སྤྱོད་ཚུལ་སྒྱུར་བ་དང་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་ཞིང་། ཏན་ཏིག་ངང་མང་ཚོགས་ཀྱི་འདུ་ཤེས་མཐོ་རུ་བཏང་བ་དང་། ནན་ཏན་གྱིས་གནད་དོན་ལ་ཞིབ་བཤེར་བྱས་པ། ལེགས་བཅོས་དང་དོན་འཁྱོལ་དྲག་པོར་བཏང་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། གསུམ་ནས་ཏན་ཏིག་གིས་སྲིད་གྲོས་ལས་ཀའི་ཁྲོད་དུ་མི་དམངས་ཀྱི་ཆེད་དུ་འགན་ནུས་འགྲུབ་པའི་རྩ་བའི་དགོངས་དོན་ལག་བསྟར་བྱས་ནས་དམངས་འཚོའི་གནས་ཚུལ་ལ་དམིགས་ཏེ་འགན་ནུས་འགྲུབ་ཅིང་ཧུར་ཐག་ངང་མང་ཚོགས་ཀྱི་ཆེད་དུ་ལས་དོན་དངོས་སྒྲུབ་ཡོད་ཅེས་གསུང་པ།

ལའོ་ཀྲེང་ཧྥུའུ་ཡིས་ན་ནིང་ནི་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་སྒྲུབ་འགོ་ཚུགས་པའི་ལོ་ཡིན་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་ཡུན་ནན་ཞིང་ཨུའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་གཞིགས་ནས་ཏན་ཏིག་གིས་འགན་ནུས་འགྲུབ་པ་དང་འདང་ངེས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ་རང་ཞིང་ཆེན་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་འཕེལ་རྒྱས་ཀྱི་ཆེད་དུ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུང་པ།

ལའོ་ཀྲེང་ཧྥུའུ་ཡིས2014ལོ་ནི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་ཡིན་ལ། རང་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་སྲིད་གྲོས་ལས་དོན་གྱི་ཡར་ཐོན་ལ་གལ་ཆེ་ཞིང་ཡུན་རིང་བའི་ཤུགས་རྐྱེན་ཐེབས་རྒྱུ་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏིང་ཟབ་ཀྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་ཕྲེང་སྟར་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་འགོད་པའི་ཐབས་ཇུས་དང་བཀོད་སྒྲིག་ལ་གཞིགས་ཏེ། སྲིད་གྲོས་སུ་ཞུགས་པའི་སྡེ་ཚན་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་བྱེད་ཅིང་སྣེ་ཁྲིད་བྱས་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་དམ་པོར་འཛིན་ཞིང་ཡུན་ནན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་ཆེད་དུ་ཤེས་རབ་ཀྱི་ནུས་ཤུགས་གོང་བུར་འགྲིལ་དགོས་ཞེས་གསུང་པ་རེད།

ཡུས་ཏེང་ཁྲེང་གིས་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ཐོག་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་གནང་བ་རེད།

ཚེས23ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ། ཚོགས་འདུའི་ཐོག ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་དོན་ཆེན་དང་པོར་བཟུང་ཞིང་། ཏན་ཏིག་གིས་བཅོས་བསྒྱུར་གྱི་ཐུན་མོང་ཤེས་རྟོགས་གོང་བུར་འགྲིལ་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། རང་ཉིད་ཀྱི་འཛུགས་སྐྲུན་ཤུགས་ཆེར་བཏང་ནས། ཧུར་ཐག་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་བུ་གསར་པའི་ཐོག་ཏུ་མི་དམངས་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་འབུལ་ཏེ། སྲིད་གྲོས་ལས་དོན་གྱི་གྲུབ་འབྲས་གསར་པ་བརྩོན་ལེན་བྱེད་དགོས་ཞེས་བཏོན་པ་རེད།

མཇུག་སྒྲིལ་ཚོགས་ཆེན་ཐོག་ཨུ་ཡོན644ཡོང་དགོས་ལ། མི560དངོས་སུ་འབྱོར་ཡོད་དེ། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

པའེ་ཁྲེང་ལིའང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིང་བཤེར་བྱེད་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ།

ལའོ་ཀྲེང་ཧྥུའུ་ཡིས་ཚོགས་ཆེན་ཐོག《ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ནུས་ཤུགས་གོང་བུར་འགྲིལ་ཞིང། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་གྲུབ་འབྲས་གསར་པ་བརྩོན་ལེན་བྱེད་པ》ཁ་བྱང་དུ་བྱས་པའི་གསུང་བཤད་གནང་བ། ཁོང་གིས་བླང་བྱ་བཏོན་ཏེ། གཅིག་ནས་ཧུར་ཐག་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཆེད་དུ་ཐབས་འདོན་ཇུས་འདོན་བྱེད་དགོས། གཉིས་ནས་ཧུར་ཐག་ངང་མཉམ་དུ་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བའི་ངང་ཚུལ་ཡག་པོ་སྐྲུན་དགོས། གསུམ་ནས་བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་སྲིད་གྲོས་ལས་དོན་གྱི་སྐྱེ་སྟོབས་སྤེལ་བར་རྒྱུན་འཁྱོངས་བྱེད་དགོས་ཏེ། སྤྱི་ཚོགས་རིང་ལུགས་དམངས་གཙོའི་གྲོས་མོལ་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བླང་བྱ་ལ་གཞིགས་ནས་མུ་མཐུད་དུ་སྲིད་གྲོས་ཀྱིས་འགན་ནུས་འགྲུབ་པའི་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་པ་དང་། མུ་མཐུད་དུ་དམངས་གཙོའི་ཏང་ཤོག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་མི་དམངས་ཚོགས་པའི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གསར་པ་རྒྱ་སྐྱེད་གཏོང་བ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་འགྲུབ་པའི་ཧུར་སེམས་ལ་སྐུལ་མ་གཏོང་བ། ཧུར་ཐག་ངང་སྲིད་གྲོས་ལས་དོན་དེ་བཅོས་བསྒྱུར་གསར་གཏོད་ལམ་བུ་རུ་དེ་བས་གདོན་ཤུགས་ལྡན་པར་མངོན་པ་བྱེད་དགོས།

ཚོགས་ཆེན་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གྲོལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག