མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མེ་སྐྱོན་ཁྲོད་གནོད་འཚེ་ཐེབས་པའི་ལས་བཟོ་བར་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-29 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྡོ་མཁར་གནའ་རྫོང་གི་མེ་སྐྱོན་ལས་གནོད་འཚེ་ཐེབས་པའི་ལས་བཟོ་བར་འཚམས་འདྲི་བྱས།

རྒྱུས་ལོན་པ་ལྟར་ན།  རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཁྱབ་བཟོ་ཚོགས་བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འགོ་ཁྲིད་འོག   དུས་ཐོག་ཏུ་འགུལ་སྤྱོད་བྱས་ཏེ་འཚམས་འདྲི་མ་དངུལ་ཧྲག་བསྡུ་དང་བརྟག་དཔྱད།  གནོད་ཐེབས་ལས་བཟོ་བ་བསྡོམས་རྩིས་བཅས་བྱ་བ་སྒྲུབ།

 མིག་སྔར།  སེམས་ཀྱི་ཉི་ཟླ་རྫོང་གི་གནོད་ཐེབས་ལས་བཟོ་བའི་དུད་ཁྱིམ59ལ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནོད་འཚེ་ཐེབས་པའི་ཚད་རིམ་ལྟར་འཚམས་འདྲི་ལག་དངུལ་གཏན་འཁེལ་བྱས་པ་དང་།  གཅིག་གྱུར་སྒོས་གནོད་ཐེབས་ལས་བཟོ་བར་འཚམས་འདྲི་བྱས་ནས།  ཁོ་ཚོའི་དཀའ་ཁག་སེལ་རོགས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག