མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་དུ་ཁེ་ལས་ནས་ལས་འཁྱེར་ངལ་གསོ་བྱས་པའི་ལས་བཟོ་བའི་གླ་ཕོག་ཟླ་རེར་སྒོར216འཕར་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-21 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ3པའི་ཚེས31ཉིན་བར། འབའ་ལུང་རྫོང་གིས་ཁེ་ལས་ནས་ལས་འཁྱེར་ངལ་གསོ་བྱས་པའི་ལས་བཟོ་བའི་གླ་ཕོག་ལེགས་བསྒྱུར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།  ལས་འཁྱེར་ངལ་གསོ་མི་སྣའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་སྟེ།  མི་རེའི་གླ་ཕོག་ཟླ་རེར་སྒོར216ཡར་འཕར་ཡོད།

 གོང་རིམ་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་པ་ལྟར། འབའ་ལུང་རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ནན་ཏན་སྒོས་ཁེ་ལས་ལས་འཁྱེར་མི་སྣའི་ཐོབ་ཐང་ལེགས་སྒྲིག་ལས་འགན་སྤེལ་བ་དང་།  ལས་བྱེད་མི་སྣ་དག་གིས་ཞིབ་བཤེར་བྱས་པ་བརྒྱུད།  རྫོང་ཡོངས་ནས་ཐོབ་ཐང་ལེགས་སྒྲིག་བྱེད་པར་ཆ་རྐྱེན་འཛོམས་པའི་མི་སྣ738ཡོད་པ་དང་།  མི་རེར་གླ་ཕོག་ཟླ་རེར་སྒོར216ཡར་འཕར།  རྫོང་ཡོངས་ནས་ལས་འཁྱེར་ངལ་གསོ་མི་སྣའི་ཟླ་རེའི་གླ་ཕོག་འཕར་སྣོན་བྱེད་པར་བསྡོམས་པས་སྒོར་ཁྲི15.26དང་།  ཟླ་དང་པོ་ནས་ཟླ3པར་བར་འགྲེམ་གཏོང་བྱེད་པའི་འཕར་སྣོན་མ་དངུལ་སྒོར་ཁྲི47.8བཅས་ཟིན།

2005ལོ་ནས་བཟུང་།  འབའ་ལུང་རྫོང་གི་ཁེ་ལས་རྒན་གསོ་མ་དངུལ་དང་ལས་འཁྱེར་ངལ་གསོ་མི་སྣའི་གླ་ཕོག་བསྟུད་མར་ལོ10ལ་ཇེ་མཐོར་བཏང་ཞིང་།  ཁེ་ལས་ལས་འཁྱེར་ངལ་གསོ་མི་སྣའི་འཚོ་བར་ལེགས་བཅོས་ཐོབ།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག