མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་དཔྱ་ཁྲལ་བསྡུ་བའི་དྲིལ་བསྒྲགས་ཟླ་འཁོར་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-22 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བ་ནི་རྒྱལ་ཡོངས་ཀྱི་དཔྱ་ཁྲལ་བསྡུ་བའི་དྲིལ་བསྒྲགས་ཟླ་འཁོར་ཡིན་པ་དང་།  ཟླ4བའི་ཚེས18ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་ས་གནས་ཁྲལ་བསྡུ་ཅུའུ་བཅས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་ཞང་ཡན་ཞིང་ལས་ཉོ་ཚོང་ཚོང་རའི་ཉེ་འགྲམ་དུ་དཔྱ་ཁྲལ་བསྡུ་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཞིང་།  མང་ཚོགས་རྣམས་ལ་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས་པ་མ་ཟད།  ནུས་ཤུགས་ཡོད་ཚད་སྤྱད་དེ་ཁྲལ་བསྡུའི་སྲིད་ཇུས་དང་ཁྲལ་བསྡུའི་སྣ་ཁ།  ཁྲལ་འཇལ་བའི་ཁེ་དབང་དང་འོས་འགན།  ཁྲལ་བསྡུ་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་སོགས་ཤེས་བྱ་དྲིལ་བསྒྲགས་བྱས།  ཡུལ་དངོས་སུ་ད་དུང་འདྲི་གཅོད་སྟེགས་བུ་བཙུགས་ཡོད་པ་དང་།  མང་ཚོགས་ཀྱིས་བཏོན་པའི་དྲི་བ་སྣ་ཚོགས་ལན་བཏབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག