མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་སེམས་ཀྱི་ཉི་ཟླ་རུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་དྲ་བ།  2014-06-14 12:54

ཡུན་ནན་སེམས་ཀྱི་ཉི་ཟླ་རུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཡུན་ནན་སེམས་ཀྱི་ཉི་ཟླ་རུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་བོད་ཀྱི་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ་བོད་ཡིག་རྨང་གཞིའི་འཛིན་གྲྭ་བསྡུས་ཤིང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཟླ་གཅིག་རིང་ལ་བསྡུ་རྒྱུ་ཡིན་པ་དང་། བདེ་ཆེན་ཁུལ་གྱི་བོད་ཡིག་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། ཁྱོན་བསྡོམས་སློབ་མ་ལྔ་བཅུ་གསོ་སྦྱོང་ཁྲོད་ཞུགས། དེའི་ཁྲོད་སློབ་མ་ཆེས་ཆེ་བ་ལོ་ལྔ་བཅུ་ལྷག་དང་ཆེས་ཆུང་བ་ལོ་བདུན་རེད།

    ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་ཁ་ཕྱོགས་ནས། བདེ་ཆེན་ཁུལ་གྱི་རྨོངས་སེལ་བསླབ་གཞི་གཙོར་བྱས་ཏེ་སློབ་མ་རྣམས་ལ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་དང་ཚིག་གི་སྦྱོར་སྟངས་སོགས་ཁྲིད་པར་མ་ཟད། བོད་ཀྱི་རིག་གནས་དང་བོད་ལུགས་གསོ་རིག་ཤེས་བྱ། དམངས་སྲོལ་རིག་གནས་ཤེས་བྱ་སོགས་ཀྱི་འཆད་ཁྲིད་བྱེད་བཞིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག