མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པའི་ཆེད་མཁས་ཀྱིས་འབའ་ལུང་རྫོང་གི་མང་ཚོགས་ལ་ཞབས་འདེགས་ཞུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-07-28 11:08

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ་བདེ་ཆེན་དུ་བསྐྱོད་པའི་འབའ་ལུང་རྫོང་སྨན་བཅོས་ཆེ་གྲས་སྤྱི་ཕན་བྱ་འགུལ་དེ་འགོ་ཚུགས་པ་དང་། རྒྱལ་སའི་སྨན་བཅོས་ལས་དོན་ཀྱི་དང་བླངས་པ་དང་། སྤྱི་ཚོགས་ཀྱི་བྱམས་སེམས་མི་སྣ། སློབ་གྲྭའི་དང་བླངས་པ་སོགས་མི147གྱིས་གྲུབ་པའི་བྱམས་སེམས་ཚོགས་པས་རིན་ཐང་སྒོར་ཁྲི320ལྷག་གི་སྨན་རྫས་འཁྱེར་ནས་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་རེ་རེར་ཟབ་ཞུགས་བྱས་ཏེ། འབའ་ལུང་རྫོང་གི་རིགས་སོ་སོའི་མང་ཚོགས་ལ་ནད་བཅོས་ཞབས་ཞུ་དང་བདེ་ཐང་འདྲི་རྟོག་མཁོ་འདོན་བྱས་པ་རེད།

སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ་བདེ་ཆེན་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོའི་པེ་ཅིང་སྨན་བཅོས་ཚོ་ཆུང་གི་ལས་བྱེད་མི་སྣ9འབའ་ལུང་རྫོང་ཡུང་ཁྲུན་ཤང་དུ་སོང་ནས་དུས་ཡུན་ཉིན4རིང་གི་སྨན་བཅོས་དང་། སྨན་སྟེར་བ། བདེ་ཐང་སྒྲོག་འདོན། སྨན་ལས་ཤེས་བྱ་གསོ་སྦྱོང་སོགས་ཀྱི་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོའི་ཐོག ཡུང་ཁྲུན་ཤང་གིས་ཁྱོན་བསྡོམས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཤང་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ8བདམས་སྒྲིག་བྱས་ནས་བྱེད་སྒོ་ལ་རོགས་འདེགས་བྱས་ཡོད་པ་དང་། སྨན་བཅོས་བརྟག་དཔྱད་བྱེད་ཡུལ་དེ་ཤང་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ལས་ཡུལ་དངོས་སུ་བཙུགས་ནས། གྲུམ་ནད་དང་། ཀྲུང་སྨན། རྩ་ནད། རུས་ནད་སོགས་ཀྱི་ཞབས་ཞུ་སྒེའུ་ཁུང་བཙུགས་པ་རེད། དེ་གར་ཡོང་བའི་ནད་པ་ལ་ལོ་གཅིག་དང་ཕྱེད་ཡན་གྱི་བྱིས་པ་དང་། ལོ་ན་བདུན་ཅུ་བརྒྱད་ཅུ་སོན་པའི་རྒན་པོའང་ཡོད། མང་ཆེ་ཤོས་ནི་ལོ་ན25ནས50བར་གྱི་སྐྱེས་མ་རེད། ཉིན3གསུམ་རིང་སྨན་བཅོས་བྱེད་དུ་ཡོང་མཁན་མི་ཐེངས1040ལ་སླེབས་ཡོད་པ་དང་། རིན་ཐང་སྒོར་ཁྲི10ལྷག་གི་སྨན་རྫས་རིགས32སྤྲད་པ་མ་ཟད། ཡུང་ཁྲུན་ཤང་འཕྲོད་བསྟེན་ཁང་ལ་རིན་གོང་སྒོར12000ཡིན་པའི་གློག་སྙིང་དཔེ་རིས་བརྟག་དཔྱད་སྒྲིག་ཆས་གཅིག་ཕུལ་བ་རེད། ཡོན་ཧྲི་ཀའོ་རོན་ལིན་གྱིས་འཁྲིད་པའི་འཚམས་འདྲིའི་ཚོ་ཆུང་ཞིང་པའི་ཁྱིམ་དུ་ཟབ་ཞུགས་བྱས་ནས་སྙིང་ནད་ཕོག་པའི་ནད་པ་གཉིས་ལ་སྨན་བཅོས་བྱས་ཤིང་། དེའི་ཁྲོད་དུ་ཐའོ་ཀྲི་གྲོང་སྡེ་ཧོང་ཕའོ་རུ་ཁག་གི་ནད་པ་ཝུང་ཁྲོན་ཡན་ལ་པེ་ཅིང་ནས་རིན་མེད་སྒོས་གཤགས་བཅོས་བྱ་རྒྱུའི་ཁས་ལེན་ཡང་གནང་བ་རེད། དེ་མ་ཟད་གཅིན་པ་མངར་འགྱུར་གྱི་ཆེད་མཁས་ཞང་ཧུང་ཏིང་ཆིང་ཧྥུའུ་གྲོང་སྡེ་དང་། ཐའོ་ཀྲི་གྲོང་སྡེ། ས་ཅ་གྲོང་སྡེ་བཅས་སུ་སོང་ནས་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ནད་པ་རྒན་པོ་ཚོའི་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ནས་འཚམས་འདྲིའི་ལེགས་སྐྱེས་ཀྱང་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག