མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཀྲུན་ཧོན་གྱིས་གནོད་ཐེབས་མང་ཚོགས་ལོ་སར་ཡར་སྔོན་དུ་ཁང་གསར་ནང་བཀོད་སྒྲིག་བྱེད་དགོས་པར་བསྟན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-28 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན་ནས་ཚེས24ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རངསྐྱོང་ཁུལ་གྱི་ཁུལ་དཔོན་ཧོང་ཀྲུན་ཧོན་གྱིས་སེམས་ཀྱི་ཉི་ཟླ་རྫོང་དང་འབའ་ལུང་རྫོང་དུ་བརྟག་དཔྱད་བྱེད་སྐབས། ཅིན་ཅང་གྲོང་ཁྱེར་དང་ཧྲང་ཅིང་ཤང་། ཡོན་ཁྲོན་ཤང་།  པའོ་ཧུ་གྲོང་རྡལ་འདམ་ཟེགས་འདྲེས་མའི་ཆུ་ལོག་གནོད་ཐེབས་ས་ཁུལ་དུ་སོང་ནས་ཡུལ་དངོས་སུ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད།  གནོད་ཕྱིའི་བསྐྱར་སྐྲུན་གྱི་འབྲེལ་ཡོད་བྱ་བར་མཛུབ་སྟོན་བྱས། ཁོས་ནན་ཏན་སྒོས་གནོད་འཚེ་སྔོན་འགོག་དང་གནོད་ཕྱིའི་མྱུར་སྐྱོར་བྱ་བ་སོགས་སྒྲུབ་ཏེ།  གནོད་ཐེབས་མང་ཚོགས་ཀྱི་ཟ་མ་ལོངས་སྤྱོད་དང་གྱོན་ཆས།  འདུག་ས།  ད་རུང་སྨན་བཅོས་བྱེད་ས་བཅས་ཁག་ཐེག་བྱས་པ་བརྒྱུད། གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་བྱ་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པ་དང་།  གནོད་ཐེབས་མང་ཚོགས་ལོ་སར་སྔོན་ལ་ཁང་གསར་ནང་སྤར་བར་སྐུལ་འདེད་བྱེད་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག