མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་ཡུས་ཧྲུའུ་ཁུལ་ནས་བསྡུ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-28 11:13

བདེ་ཆེན་ཁུལ་གྱི་གླུ་གར་ཚོགས་པས་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
རིག་རྩལ་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པའི་འཁྲབ་སྟོན་པའི་སྡེ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  དབྱར་ཟླ7པའི་ཡུས་ཧྲུའུ་ནི་རི་མོ་བས་རི་མོ་བྲིས་པ་ལྟར་ལྟ་བ་ཆོག་མི་ཤེས་པ་དང་  ག་ས་གང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག  ཟླ7པའི་ཚེས25ཉིན་སྐབས་བརྒྱད་པའི་མཚོ་སྔོན་དང་སི་ཁྲོན། ཡུན་ནན།  བོད་ལྗོངས་བཅས་ཀྱི་ཁམས་པའི་རིག་གནས་དུས་ཆེན་ནན་ཡུས་ཧྲུའུ་ཁུལ་གྱི་རྟ་རྒྱུག་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་དགུ་གྲོང་རྡལ་བཀྲ་ཤིས་ཁོག་རྟ་རྒྱག་འགྲན་ར་རུ་གཟབ་རྒྱས་ངང་བསྡུ་འགོ་བརྩམས།  མཚོ་སྔོན་ཡུས་ཧྲུའུ་དང་སི་ཁྲོན་དཀར་མཛེས།  བོད་ལྗོངས་ཆབ་མདོ་དང་ཡུན་ནན་བདེ་ཆེན་བཅས་ཁུལ་གསུམ་དང་ས་ཁུལ་གཅིག་གི་རིགས་སོ་སོའི་མང་ཚོགས་ཡུས་ཧྲུའུ་ནས་ལྷན་འཛོམས་བྱུང་ནས།  མཉམ་གཅིག་ཏུ་མི་རིགས་མཐུན་སྒྲིལ་དང་མཐུན་སྦྱོར་མཉམ་ལས་ཀྱི་ལེ་ཁག་གསར་བ་སྐྲུན།

ཁམས་པའི་སྒྱུ་རྩལ་དུས་ཆེན་ནི་ཁམས་པ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཡིན་ལ། དཔལ་འབྱོར་རིག་གནས་བརྗེ་རེས་དང་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་དར་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་སོགས་ནས་གོ་གནས་གལ་ཆེན་ཟིན་ཡོད་པས།  རྒྱལ་ཡོངས་བོད་ཁུལ་ནས་མཚན་སྙན་གྲགས་རྒྱས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན།  སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་ནམ་ཡུས་ཧྲུའུ་ཁུལ་གྱི་རྟ་རྒྱུག་དུས་ཆེན་སྐབས་སུ།  རིག་གནས་སྒྱུ་རྩལ་འགྲེམ་སྟོན་དང་འཕེལ་རྒྱས་གྲུབ་འབྲས་བཤམས་སྟོན།  རིག་གནས་གནས་སྐོར་བགྲོ་གླེང་།  ཡིག་གཟིགས་པར་རིས་འགྲེམ་སྟོན་དང་ཚོང་ཟོག་ཉོ་ཚོང་གྲོས་མོལ།  དམངས་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར།  གྱོན་ཆས་འགྲེམ་སྟོན་དང་སྐོར་བྲོ་འཁྲབ་སྟོན་དང་སྦྲ་གར་རིག་གནས་འགྲེམ་སྟོན་སོགས་བྱ་འགུལ40ལྷག་སྤེལ་རྒྱུ་ཡིན་པ་དང་།  བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པ་རིག་གནས་དང་ཚོང་ཟོག  གནས་སྐོར། སྒྱུ་རྩལ་དང་རྟ་རྒྱུག་སོགས་བྱ་འགུལ་སྟེང་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག