མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྨན་བཅོས་ཆེད་མཁས་ཀྱིས་འཇོལ་རྫོང་དུ་རིན་པ་མི་ལེན་པའི་ངང་ནས་ནད་བརྟག་སྨན་བཅོས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-29 10:55

སྨན་བཅོས་ཆེད་མཁས་ཀྱིས་འཇོལ་རྫོང་སྨན་ཁང་དུ་རྒན་པའི་མིག་ལ་ཞིབ་བཤེར་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་ནས་བཟུང་། “སེམས་མཐུན·མཉམ་དུ་ཀྲུང་གོའི་སེམས་གཏོད་པ”བདེ་ཆེན་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་འཇོལ་རྫོང་དུ་སྐྱོད་པ། མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་བདེ་སྤྲད་པའི་ཆེད་དུ་དང་བླངས་བྱེད་སྒོ་དེས་འཇོལ་རྫོང་མི་དམངས་སྨན་ཁང་དུ་ནད་ལྟ་བ་མ་ཟད། ད་དུང་ཧྥུའུ་ཧྲན་ཤང་དང་། ཀོང་རྩེད་ར་གྲོང་རྡལ། བྲག་ཞབས་ཤང་། ཐང་སྟེང་ཤང་། ཡན་མོན་ཤང་བཅས་ཀྱི་འཕྲོད་བསྟེན་ཁང་དུ་ནད་ལྟ་བ་དང་། གཡག་རྭ་ཤང་དུ་རིན་པ་མི་ལེན་པའི་ངང་ནས་སྐོར་སྐྱོད་ནད་ལྟ་བ་རེད།

འཇོལ་རྫོང་སྨན་ཁང་གི་ཡོན་ཀྲང་གིས་ངོ་སྤྲོད་པར་ལྟར། ཆེད་མཁས13གྱིས་སྨན་ཁང་དེའི་སྙིང་ནད་དང་། དབང་རྩ། ཀྲུང་དབྱི། མིག་ནད་སོགས་ཚན་ཁག་ཏུ་ནད་ལྟ་བས། འཇོལ་རྫོང་གི་མང་ཚོགས་ཁྱད་པར་དུ་རྒན་པ་རྣམས་ཀྱི་རྩད་ཆོད་དཀའ་བའི་ནད་མང་པོ་ཞིག་ལ་སྨན་བཅོས་ཐོབ་པ་མ་ཟད། སྨན་ཁང་དེའི་སྨན་པ་རྣམས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བར་ཕན་ནུས་ཆེན་མོ་ཐོབ་ཡོད་པ། “གྲོང་ཁྱེར་ཆེན་པོའི་སྨན་བཅོས་ཆེད་མཁས་སླེབས་ཡོད་པར་ཚོར་བྱུང་། གོ་སྐབས་ཡག་པོ་འདི་ཤོར་མི་བསམ་བས་ང་ཚོ་སྔ་མོར་ཡུན་ལིང་ཤང་ལ་རྩ་གྲོང་སྡེ་ནས་འཁོར་ལོ་གཏོང་ཞིང་ཡོང་བ་ཡིན།”འཇོལ་རྫོང་སྨན་ཁང་དུ་སྨན་པ་བསྟེན་པའི་བསོད་ནམས་ཚེ་རིང་གིས་དེ་འདྲ་བཤད་བྱུང་།

ཚེས9ཉིན་གྱི་ཕྱི་དྲོར། བཅིངས་འགྲོལ་དམག་དཔུང་ཨང་གཉིས་པའི་མེ་སྒྱོགས་དམག་མིའི་སྤྱི་ཁྱབ་སྨན་ཁང་གིས་འཇོལ་རྫོང་སྨན་ཁང་ལ3Gཐག་རིང་སྨན་བཅོས་དཔྱད་ཆས་ལེགས་སྐྱེས་སུ་ཕུལ་བ། 3Gཐག་རིང་སྨན་བཅོས་དཔྱད་ཆས་ནི་ཐག་རིང་ནས་ལྷན་འཛོམས་ནད་དཔྱད་བྱེད་ཐུབ་པའི་མ་ལག་ཅིག་ཡིན་ཏེ། དེར་བརྟེན་ནས་འཇོལ་རྫོང་སྨན་ཁང་གི་སྨན་བཅོས་པར་རིས་དེ་པེ་ཅིན་གྱི་ཆེད་མཁས་ལྷན་འཛོམས་ནད་དཔྱད་ཀྱི་སྟེགས་བུར་བསྐྱལ་ན། ཆུ་ཚོད24ཡི་བར་དུ་ཆེད་མཁས་ཀྱིས་ལྷན་འཛོམས་ནད་དཔྱད་ཀྱི་མཇུག་འབྲས་ལྡོག་འདྲེན་བྱེད་ཐུབ། དཔྱད་ཆས་དེ་སྤྱོད་རྗེས། འཇོལ་རྫོང་ཀྱིས་མང་ཚོགས་ལ་པེ་ཅིན་གྱི་ཆེད་མཁས་ཀྱིས་སྒུག་མི་དགོས་པ་དང་འགྲོ་སྒོ་མེད་པའི་སྨན་བཅོས་ཞབས་ཞུ་ལོགས་སུ་སྤྱོད་ཐུབ་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག