མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཤར་རྩེ་བསྟན་འཛིན་ཆོས་འཕེལ་གྱིས་ནང་བསྟན་སློབ་གླིང་གི་སྐབས་གསུམ་པའི་གྲྭ་བཙུན་མཐར་ཕྱིན་མཛད་སྒོ་སྟེང་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-29 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས24ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་ཁུལ་ཡན་ལག་སློབ་གླིང་ལས་འཛིན་ཚོགས་པའི་ཚོགས་གཙོ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་གྱིས་ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་ཁུལ་ཡན་ལག་སློབ་གླིང་གི་སྐབས་གསུམ་པའི་གྲྭ་བཙུན་མཐར་ཕྱིན་མཛད་སྒོ་སྟེང་གྲྭ་བཙུན་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བྱེད་དགོས་པའི་བླང་བྱ་བཏོན།

ཤར་རྩེ་བསྟན་འཛིན་ཆོས་འཕེལ་གྱིས་2005ལོར་བདེ་ཆེན་ཁུལ་ནང་བསྟན་ཡན་ལག་སློབ་གླིང་བཙུགས་པ་ནས་ད་ལྟའི་བར། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་རིམ་པ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་བྱས་པ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། སློབ་གླིང་གིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱས་ཏེ།  བདེ་ཆེན་ཁུལ་ལ་མེས་རྒྱལ་ལ་དགའ་བ་དང་ཆོས་ལུགས་ལ་དུང་བ།  ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་སྐོར་ཞིག་གསོ་སྐྱོང་བྱས་པས།  སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན། རེ་བ་ཡིན་ན་མཐར་ཕྱིན་གྲྭ་བཙུན་དག་ཕྱི་རང་རང་གི་དགོན་སྡེ་རུ་སོང་རྗེས། མུ་མཐུད་དུ་རང་ཉིད་ཀྱི་སྦྱངས་བའི་ཤེས་བྱ་དར་སྤེལ་དང་རྒྱུད་སྒྲོག་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བྱེད་དགོས་ཞེས་བསྟན།

རྒྱུས་ལོན་པ་ལྟར་ན།  ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་ཁུལ་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་ནི་རྒྱལ་ཁབ་ཆོས་ལུགས་ཅུའུ་ཡིས་ཆོག་མཆན་བཀོད་ནས་བཙུགས་པའི་བོད་བརྒྱུད་ནང་བསྟན་གཅིག་པུའུ་ཡིན་ལ།  མིག་སྔར་སློབ་གླིང་འདི་རུ་འཛིན་གྲྭ5དང་གྲྭ་བཙུན77ཡོད།  ལོ་མང་པོའི་རིང་ལ་སློབ་གླིང་འདིས་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་པ་གསོ་སྐྱོང་བྱེད་པར་གཙོ་བྱས་ནས།  སློབ་གླིང་འདིས་གྲྭ་བཙུན་ཚོར་གཞུང་བཀའ་པོ་ལྔ་དང་བོད་ཡིག་གི་བརྡ་སྤྲོད། རྒྱ་སྐད་ཡིག ཆབ་སྲིད་དང་ཁྲིམས་ལུགས།  རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བསླབ་བྱ་བཀོད་སྒྲིག་བྱས་ཡོད་པ་དང་། ནང་བསྟན་ཆོས་གཞུང་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ་སྔར་ལས་ལྷག་པར་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འོས་འཚམ་གྱི་འཕེལ་རྒྱས་སུ་འགྲོ་བའི་རྩ་དོན་སྲིད་ཇུས་རྒྱུས་ལོན་བྱེད་པར་དམིགས་སུ་བཟུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག