མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཀྲང་ཀྲུ་ཅོན་གྱིས་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་བྱ་བར་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-29 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲུ་ཅོན་གྱིས་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་དང་རྡོ་མཁར་གནའ་རྫོང་སློབ་ཆུང་གནས་སྤར་བ། ཟླ་འོད་གསོལ་ཁང་འཛུགས་སྐྲུན་བྱེད་པ་སོགས་རྣམ་གྲངས་ལག་བསྟར་གནས་ཚུལ་ལ་བརྟག་དཔྱད་བྱེད་དུས།  འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་བྱས་ཏེ།  རྣམ་གྲངས་འདིར་ངེས་ཤེས་ཟབ་མོ་སྤྱད་དགོས་པ་དང་། ཚན་རིག་གིས་འཆར་འགོད་བྱེད་པ།  འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ་བཅས་རྡོ་མཁར་གནའ་རྫོང་གི་རྣམ་གྲངས་སོ་སོ་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།  ཀྲང་ཀྲུ་ཅོན་འཁོར་དང་བཅས་པས་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་ལས་གཞི་དང་རྡོ་མཁར་གནའ་རྫོང་སློབ་ཆུང་གི་གནས་སྤོར་འཆར་འགོད། ཟླ་འོད་གསོལ་ཁང་གི་གནས་སྤོར་བཀོད་སྒྲིག་རྣམ་གྲངས་ལ་ནན་ཏན་སྒོས་ལྟ་ཞིབ་བྱས་པ་མ་ཟད། ཡུལ་དངོས་སུ་གཞུང་སྒྲུབ་ཚོགས་འདུ་བསྡུས།

རྣམ་གྲངས་ལག་བསྟར་གནས་ཚུལ་གྱི་ཡར་ཞུར་ཉན་རྗེས།  ཀྲང་ཀྲུ་ཅོན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་དང་རྡོ་མཁར་གནའ་རྫོང་སློབ་ཆུང་གི་གནས་སྤོར་རྣམ་གྲངས། ཟླ་འོད་གསོལ་ཁང་གི་འཛུགས་སྐྲུན་བཅས་ལག་བསྟར་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྣམ་གྲངས་འདི་གསུམ་མཉམ་དུ་འཛུགས་སྐྲུན་བྱེད་པར་སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་ཁོར་ཡུག་མཐོར་འདེགས་སུ་གཏོང་བ་དང་།  སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་ཁྱེར་ནུས་ཤུགས་ཇེ་མཐོར་གཏོང་བ། བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།  འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་ངེས་ཤེས་ཟབ་མོ་སྤྱད་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་།  སྒྲིག་རིམ་འཐུས་ཚང་དུ་གཏོང་བ།  ཚན་རིག་གིས་འཆར་འགོད་བྱེད་པ་དང་འོས་འཚམ་གྱིས་བཀོད་སྒྲིག་བྱེད།  མ་དངུལ་ཧྲག་བསྡུ་བྱེད་པ་སོགས་མུ་མཐུད་དུ་དྲིལ་བསྒྲགས་ཐད་ཤུགས་བསྣན་པ་བརྒྱུད། རྣམ་གྲངས་ཡོད་ཚད་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་དགོས་པར་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག