མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྐབས་བརྒྱད་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྟེང་བདེ་ཆེན་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་རྣམ་གྲངས50འོས་སྦྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-30 10:51

སེམས་ཀྱི་ཉི་ཟླ་རྫོང་གི་ཤིང་ཕོར་ལ་ཀུན་གྱིས་དགའ་བསུ་བྱེད་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས27ཉིན་གྱི་ཕྱི་དྲོར། སྐབས་བརྒྱད་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་དང་སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ཀྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་རྩ་འཛུགས་བྱས་པ་དང་།  ས་ཁུལ་དང་ཁུལ་བཞིའི་ཕྱི་དོན་དང་ཚོང་ལས་ཅུའུ་ཡིས་སོ་སོ་རང་ས་གནས་ཀྱི་གནས་ཚུལ་དང་དངུལ་གཏོང་ཁོར་ཡུག ཁྱད་ལྡན་ཐོན་ལས་སོགས་ངོ་སྤྲོད་བྱས་ཏེ། སྤྲོ་བ་ཡོད་པའི་རྣམ་གྲངས་ལ་མིང་ཐོ་བཀོད།

འོས་སྦྱོར་ཚོགས་འདུའི་སྟེང་།  བདེ་ཆེན་ཁུལ་གྱིས་ས་གནས་ཀྱི་ཁྱད་ཆོས་དང་།  མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ཐོན་ལས།  རྒྱལ་སྤྱིའི་གནས་སྐོར་མིང་རྟགས་དང་གཏེར་ཁའི་ཆུ་གློག་ཐོན་ཁུངས། སྤུས་ལེགས་པའི་དངུལ་གཏོང་ཁོར་ཡུག་སོགས་མཐུན་རྐྱེན་ཕྱོགས་ནས་མཚམས་སྦྱོར་བྱས་ཤིང་།  གཙོ་གནད་ཚོང་འགུག་རྣམ་གྲངས50འོས་སྦྱོར་བྱས།  གཞན་ད་དུང་ཚོགས་ཞུགས་མི་སྣར《བདེ་ཆེན་ཁུལ་གྱི་དངུལ་གཏོང་མཛུབ་སྟོན》འགྲེམ་གཏོང་བྱས་པ་དང་། ཚོགས་འདུ་བསྡུས་རྗེས་རྣམ་གྲངས་སྐོར་ཞིག་ས་གནས་དང་ཁུལ་སོ་སོ་དང་སྔར་ལས་ལྷག་པར་བརྗེ་རེས་དང་གྲོས་མོལ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག