མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་གཏེར་ཁ་གསར་སྤེལ་བྱེད་པར་སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་བྱེད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-30 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གཏེར་ཁ་སྔོག་འདོན་བྱེད་པའི་གོ་རིམ་ཁྲོད།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྲུང་སྐྱོང་ཁྲོད་དུ་གསེར་སྤེལ་དང་གསར་སྤེལ་ཁྲོད་དུ་སྲུང་སྐྱོང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  དམིགས་ས་མེད་པའི་དར་སྤེལ་དང་རྒྱུ་སྤུས་ལ་མཐོང་ཆེན་མི་བྱེད་པ། ཕན་འབྲས་དང་སྤྱི་ཚོགས་འཕེལ་རྒྱས་ཐོན་ཁུངས་ཁོར་ཡུག་ལ་དོ་སྣང་མི་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་བརྒྱུད།  ཐོན་ཁུངས་གསར་སྤེལ་བྱེད་པའི་དུས་མཚུངས་སུ་སྐྱེ་ཁམས་ལ་ཡང་སྲུང་སྐྱོང་ཐོབ།

རྫོང་འདིས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་སྤྱིའི་བསམ་ཕྱོགས་དང་གཏེར་ཁའི་བཀོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  གསར་སྤེལ་བེད་སྤྱོད་བྱེད་པའི་བྱེད་ཐབས་སོགས་གཏན་འབེབས་བྱས་པ་དང་།  སྔོག་འདོན་བྱེད་ཆོག་པའི་གཏེར་ཁ་ས་ཁུལ་དང་སྔོག་འདོན་བྱེད་མི་ཆོག་པའི་གཏེར་ཁ་ས་ཁུལ་གཏན་ཁེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་ཆོག་མཆན་བཀོད་པའི་ནང་དོན་གལ་ཆེན་ཞིག་ཏུ་རྩིས་ཡོད། “སུས་སྔོག་འདོན་བྱས་པ་སུའི་སྲུང་སྐྱོང་བྱེད་དགོས་པ་དང་། སུའུ་ཁོར་ཡུག་གཏོར་བརླག་བྱས་ན་སུའི་འགན་ཁུར་དགོས། སུས་མ་དངུལ་བཏང་ན་སུ་ལ་ཁེ་ཕན་ཐོབ་པའི”རྩ་དོན་ལྟར།  གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་འབའ་དངུལ་ལམ་ལུགས་བཙུགས་པ་དང་།  སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བསྒྱུར་ཕྱོགས་ལ་བཀོལ་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས།  གཞན་ད་དུང་གཏེར་ཁའི་གསར་སྤེལ་འཆར་འགོད་དང་ཁོར་ཡུག་ཤུགས་རྐྱེན་ཐེབས་ཚུལ་དཔྱད་བརྗོད་ལག་བསྟར་གནས་ཚུལ་ཕྱོགས་ཀྱི་ལྟ་ཞིབ་ལ་ཤུགས་བསྣན་ནས།  གཏེར་ཁའི་ས་གཤིས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་ལེགས་བསྒྱུར་ལས་འགན་ལག་བསྟར་བྱས་པ་དང་།  ཁྲིམས་འགལ་ལུགས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱེད་པར་རྡུང་རྡེག་ནན་མོ་བྱས།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག