མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ད་ལོའི་ལོ་སྟོད་ལ་བདེ་ཆེན་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ལས་མ་དངུལ་སྒོར་དུང་ཕྱུར62དངོས་འབེབས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་འགུག་དངུལ་འདྲེན་རྣམ་གྲངས་བདེ་བླག་ངང་ཡར་འཕར་བཞིན་ཡོད་ལ།  ཁུལ་གཞན་གྱི་མ་དངུལ་སྒོར་དུང་ཕྱུར62.74དངོས་འབེབས་བྱས་པ་དང་ན་ནིང་གི་དུས་མཉམ་དང་བསྡུར་ན12.29%ཡར་འཕར།

ལོ་སྟོད་ལ། རིམ་པ་སོ་སོའི་ཚོང་འགུག་སྡེ་ཁག་གིས་བྱ་བའི་བསམ་ཕྱོགས་ཐད་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། བགྲོད་ལམ་མང་པོ་བརྒྱུད་ནས་ཚོང་འགུག་བྱེད་པ། ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་འབྲེས་གཏུགས་བྱེད་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྣམ་གྲངས་སོ་སོ་དངོས་འབེབས་བྱེད་པར་བརྩོན་ལེན་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་ཁུལ་ཕྱི་ནས་ནང་འདྲེན་བྱེད་པའི་མ་དངུལ་སྤྱིའི་ཕྱོགས་ནས་ཡར་འཕར་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན།  ཟླ་དང་པོ་ནས་ཟླ6པའི་བར་ཁུལ་ཡོངས་ནས་གསར་དུ་གན་རྒྱ་བཞག་པ་དང་ལོ་སྔོན་མར་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བའི་རྒྱལ་ནང་གི་དཔལ་འབྱོར་མཉམ་ལས་རྣམ་གྲངས159ཡོད་པ་དང་།  ཕྱི་རྒྱལ་ཀྱི་མ་དངུལ་བཏང་བའི་རྣམ་གྲངས2ཡོད་པ་བཅས་ལོ་འགོར་བྱ་བའི་ལས་འགན་སྒོར་དུང་ཕྱུར120ལེགས་འགྲུབ་བྱུང་དགོས་པའི52.28%ལེགས་འགྲུབ་བྱུང་། དེའི་ནང་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར48.72དངོས་འབེབས་བྱས་པ་དང་། ན་ནིང་དང་བསྡུར་ན་དུས་མཉམ་ལས9.85%ཡར་འཕར་བ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་འགོར་སྒོར་དུང་ཕྱུར105ལེགས་འགྲུབ་བྱུང་དགོས་པའི་ལས་འགན་ནང་གི46.40%ལེགས་འགྲུབ་བྱུང་། དེའི་ནང་ཕྱི་རྒྱལ་ཀྱི་མ་དངུལ་ཨ་སྒོར་ཁྲི1678དངོས་འབེབས་བྱས་པ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་འགོར་ཨ་སྒོར་ཁྲི7000ལེགས་འགྲུབ་བྱུང་དགོས་པའི་ལས་འགན་ལས23.97%ལེགས་འགྲུབ་བྱུང་བའི་དུས་མཚུངས་སུ།  སེམས་ཀྱི་ཉི་ཟླ་རྫོང་དུ་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར36.91དངོས་འབེབས་བྱས་པ་དང་ལས་འགན་དུང་ཕྱུར62ལེགས་འགྲུབ་བྱུང་དགོས་པའི59.54%ལེགས་འགྲུབ་བྱུང་། ན་ནིང་དང་བསྡུར་ན་དུས་མཉམ་ལས19.56%ཡར་འཕར་བ་དང་།  བདེ་ཆེན་རྫོང་དུ་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར2.69དངོས་འབེབས་བྱས་པ་དང་། ལས་འགན་དུང་ཕྱུར8ལེགས་འགྲུབ་བྱུང་དགོས་པའི33.67%ལེགས་འགྲུབ་བྱུང་། ན་ནིང་དང་བསྡུར་ན་དུས་མཉམ་ལས0.74%མར་ལྷུང་བ་དང་།  འབའ་ལུང་རྫོང་དུ་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར18.50དངོས་འབེབས་བྱས་པ་དང་། ལས་འགན་དུང་ཕྱུར43ལེགས་འགྲུབ་བྱུང་དགོས་པའི43.01%ལེགས་འགྲུབ་བྱུང་། ན་ནིང་དང་བསྡུར་ན་དུས་མཉམ་ལས1.70%ཡར་འཕར།  དཔལ་འབྱོར་གསར་སྤེལ་ཁུལ་དུ་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར3.61དངོས་འབེབས་བྱས་པ་དང་། ལས་འགན་དུང་ཕྱུར7ལེགས་འགྲུབ་བྱུང་དགོས་པའི51.57%ལེགས་འགྲུབ་བྱུང་། ན་ནིང་དང་བསྡུར་ན་དུས་མཉམ་ལས0.52%མར་ལྷུང་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག