མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཤུགས་གནད་དོན་ཐག་གཅོད་བྱེད་པར་ཤུགས་བསྣོན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་དོན་ཛ་དྲག་ཡིན་པའི་གནས་བབ་ལ་དམིགས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བྱས།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་ཁྲོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་ཞུགས་ཀྱི་གནོད་དོན་ཐག་བཅད་མེད་པའི་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་སྤྱི་སྤྱོད་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུ་ཁྱབ་ཁོངས་གྲས་སུ་བཞག་པ་མ་ཟད། དུས་ལྟར་ལས་གནས་མཁོ་བའི་འབྲེལ་ཡོད་བརྡ་འཕྲིན་མདོན་སྤྲོད་བྱེད་པ་དང་། ལས་ཀ་གསར་སྐྲུན་བྱེད་འདོད་པའི་སློབ་མར་ལས་ཀ་གསར་སྐྲུན་ཕྱོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ལས་ཀ་གསར་སྐྲུན་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ལས་ཀ་གསར་སྐྲུན་ཕྱོགས་ཀྱི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས། ལས་ཞུགས་ཀྱི་གནད་དོན་ཐག་བཅད་མེད་པའི་སློབ་མར་ལས་ཞུགས་ཕྱོགས་ཀྱི་དངོས་སྦྱོང་དང་ལས་རིགས་གསོ་སྦྱོང་སོགས་ལ་ཞུགས་པར་རྩ་འཛུགས་བྱས་པ་དང་།  ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་བའི་མཐོ་རིམ་སློབ་གྲྭའི་སློབ་མར་དམིགས་ཡུལ་ཡོད་པའི་སྒོ་ནས་ལས་ཞུགས་ཐད་ཀྱི་རོགས་སྐྱོར་བྱས་པ་སོགས་ཐབས་བརྒྱ་ཇུས་སྟོང་གིས་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚང་མར་སློབ་མཐར་ཕྱིན་ནས་ལོ་ཕྱེད་ནང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ཡང་ན་ལས་ཞུགས་སྔོན་གྱི་གྲ་སྒྲིག་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བྱས་པ་བརྒྱུད། ད་ལོའི་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ་ཡོངས་ཀྱི་ལས་ཞུགས་ཀྱི་ཆུ་ཚད་མི་དམའ་བ་དང་མཐོར་འདེགས་སུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་སློབ་མ་ཚང་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཁག་ཐེག་བྱས།

ཟླ7པའི་ཚེས1ཉིན་ནས་བཟུང་། ཁུལ་དང་རྫོང་། རྫོང་སྤྱི་སྤྱོད་ལས་ཞུགས་ཤེས་ལྡན་མི་སྣ་ཞབས་ཞུའི་སྡེ་ཁག་གིས་མཐོ་རིམ་སློབ་མའི་མིང་ཐོ་འགོད་པའི་བྱ་བ་སྒྲུབ་པ་དང་། རིན་མི་དགོས་པར་ལས་ཞུགས་ཐོ་འགོད་དང་ལས་ཤོར་ཐོ་འགོད་འགྲོ་ལུགས་སྒྲུབ་པ་དང《ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག》འགྲེམ་སྟོན་བྱེད་པ། “ལས་ཞུགས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་བརྡ་འཕྲིན་མཛོད”བཙུགས་པ་སོགས་དུས་ལྟར་ལས་ཞུགས་དང་ལས་ཤོར་ཐད་ཀྱི་གནས་ཚུལ་དམ་འཛིན་བྱས་པ་མ་ཟད། དུས་ལྟར་ལས་གནས་ཕྱོགས་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག