མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལི་ཡོན་ཆུ་གློག་ས་ཚིགས་ཀྱིས་སྤྱིའི་ལས་གཞིའི70%བཟོ་ཐོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-09-27 12:13

ལི་ཡོན་ཆུ་གློག་ས་ཚིགས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།མིག་སྔར།ལི་ཡོན་ཆུ་གློག་ས་ཚིགས་ཀྱིས་སྤྱིའི་ལས་གཞིའི70%བཟོ་ཐོན་པ་མ་ཟད།ད་ལོའི་ལོ་མཇུག་ཏུ་གོ་སྐབས་དང་བསྟུན་ནས་ཆུ་སྒོ་བཀག་སྟེ་ཆུ་གསོག་བྱེད་པ་དང་།འཕྲུལ་འཁོར་ཚན་པ་ཐོག་མས་གློག་གཏོང་རྒྱུ་ཡིན་པ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལི་ཡོན་ཆུ་གློག་ས་ཚིགས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དང་ས་དམ་ཡུས་ལུང་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་དཀྱིལ་རྒྱུད་དུ་གནས་ཡོད་ལ། འབྲི་ཆུའི་དཀྱིལ་རྒྱུད་དུ “མཛོད་གཅིག་རིམ་བརྒྱད”འཆར་འགོད་ཁྲོད་ཀྱི་སྐས་རིམ་གསུམ་པའི་འཆར་གཞི་ཡིན་པ་རེད།ལས་གཞི་ཡོངས་རགས་རྩིས་ལྟར་ན་སྒོར་དུང་ཕྱུར་197གཏོང་བ་དང་རིམ་པ་དང་པོའི(1)རྣམ་པའི་ལས་གཞིར་གཏོགས་པ་རེད།ལས་གཞི་འདིས་གློག་གཏོང་བ་གཙོ་བོ་བྱས་པ་མ་ཟད། ཆུ་ལོག་སྔོན་འགོག་དང་ཡུལ་སྐོར་སོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཡང་ཡོད་པ་རེད།སྤྱིའི་ཆུ་མཛོད་ལ་སྨི་ལྷམ་པ་དུང་ཕྱུར8.11ཡོད་ལ།སྤྱིའི་འཕྲུལ་ཆས་ཀྱིས་སྟོང་ཝ་ཁྲི240ཤོང་ཐུབ་པ་རེད། ལོ་དུ་མར་ཆ་སྙོམས་ཀྱི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར107.05ཡིན་པ་རེད།

ལས་གཞི་འདི་ནི་2007ལོའི་ཟླ8ནས་ལས་འགོ་བརྩམས་པ་ནས་བཟུང་།ལི་ཡོན་ཆུ་གློག་ས་ཚིགས་འཛུགས་སྐྲུན་ཡན་ལག་ཀུང་སིས་གནམ་གཤིས་བཙོག་པ་དང་གློག་ཆད་པ།སྐྱེལ་འདྲེན་དཀའ་བ།ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་མང་པོ་ཡོད་མོད།འོན་ཀྱང་འཛུགས་སྐྲུན་གྱི་ལས་གཞི་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་པ་དང་།བརྟན་རླིང་ངང་སྐུལ་འདེད་བྱས་པ་རེད།དུས་མཚུངས་སུ།ལས་གཞིའི་སྤྱིའི་འཆར་གཞི་དང་བཀོད་སྒྲིག་ལྟར། བདེ་འཇགས་ཐོན་སྐྱེད་འབུར་དུ་ཐོན་པར་བྱས་ནས།ཞིབ་ཚགས་ངང་དོ་དམ་བྱེད་པ་དང་། མཐུན་སྒྲིལ་དང་ཕན་འབྲས་མཐོ་བ།དངོས་དོན་གཉེར་བ་དང་གསར་འབྱེད་བྱེད་པ་སོགས་བྱས་ནས། ལས་གཞིའི་འཛུགས་སྐྲུན་དང་བདེ་འཇགས། སྤུས་ཚད། སྒྲུབ་ཚད་སོགས་ལ་ཆ་སྙོམས་ཀྱིས་ཕན་འབྲས་ལྡན་པའི་ངང་ཚོད་འཛིན་བྱས་པས། རྣམ་གྲངས་སོ་སོའི་ལས་ཀ་གོ་རིམ་ལྡན་པའི་ངང་སྒྲུབ་པ་རེད།

མིག་སྔའི་བར་དུ།ལས་གཞིའི་རྣམ་གྲངས་སོ་སོའི་འཛུགས་སྐྲུན་བདེ་བླག་ངང་སྒྲུབ་པ་རེད།ཆུ་རགས་བརྒྱབ་ནས་རྩེར་ཐོན་པ་དང་།བཟོ་ཁང་གི་ཨར་འདམ་འཛུགས་སྐྲུན་གཞི་རྩའི་ངང་བཟོ་ཐོན་པ། ཆུ་ལོག་འབབ་ལམ་དང་ཆུ་འདྲེན་མ་ལག ཆུ་ལོག་བཤང་ལམ་གྱི་ལས་གཞིའི་རྣམ་གྲངས་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།ད་ལོའི་ཟླ8པའི་བར་དུ།ལི་ཡོན་ཆུ་གློག་ས་ཚིགས་ཀྱི་ལས་གཞིའི་རྣམ་གྲངས་ཀྱི་ཡུལ་དངོས་ལག་བསྟར་རིམ་བརྩེགས་གན་རྒྱས་ལོ་འཁོར་གྱི་མ་མཇོག་སྒོར་ཁྲི82955.42ལེགས་འགྲུབ་བྱུང་བ་དང་། ལོའི་འཆར་གཞི་སྒོར་ཁྲི102694.75ཡི་80.78%ཟིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག